རྒྱ་གཞུང་གིས་བོད་ནང་དམར་ཤོག་ཚོགས་པ་འཕེལ་རྒྱས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བ།
2020.07.02
རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པ་འཕེལ་རྒྱས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བ་དེ་ནི་བོད་མི་མང་གི་སེམས་རྒྱུད་ལ་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་སྐད་ཡིག་སོགས་ཀྱི་ཤུགས་རྐྱེན་ཁག་མེད་པ་བཟོ་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པའི་སྐོར་བོད་གནས་ཉམས་ཞིབ་པ་ཞིག་གིས་གསུངས་འདུག
འདི་ལོའི་ཕྱི་ཟླ་༦་ཚེས་༡་ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བས་ད་བར་རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་དམར་ཤོག་པ་ཚོགས་པ་རྕ་འཛུགས་ཀྱིས་དམར་ཤོག་ཚོགས་པའི་ཚོགས་མི་ཇེ་མང་དང་། ལས་དོན་ལེགས་པར་གྲུབ་པའི་ཐོག་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་ལོ་༢༠༡༩་ལོའི་ལོ་མཇུག་བར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་འབུམ་གསུམ་དང་དགུ་ཁྲི་བརྒྱད་སྟོང་ཡོད་པའི་ཁོངས་ནས་ཚོགས་མི་ཆིག་ཁྲི་དྲུག་སྟོང་ཙམ་ཕྱི་ལོ་༢༠༡༩་ལོའི་ནང་དམར་ཤོག་ཚོགས་པའི་ཚོགས་པའི་ཞུགས་པ་ཡིན་ཚུལ་བཤད་ཡོད་པ་མ་ཟད། དེའི་ནང་ཞིང་འབྲོག་མི་མང་ཚོགས་མི་བརྒྱད་སྟོང་ཙམ་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད་། གནས་ཚུལ་དེའི་ཐད་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་པ་བསྟན་འཛིན་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་རྒྱ་ནག་གི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས་དོན་ནི་རྒྱ་ནག་དམར་ཤོག་ཚོགས་པ་རྒྱུན་འཁྱོངས་ཡོང་ཕྱིར་དང་བོད་ཀྱི་གཞོན་སྐྱེས་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པ་དེ་གལ་ཆེ་ཡིན་ལུགས་སློབ་གསོ་སྤྲད་ནས་བོད་མིའི་སེམས་རྒྱུད་ལ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་ཤུགས་རྐྱེན་ཡོད་པ་ཁག་མེད་པ་བཟོ་ཐབས་ཤིག་ཡིན་པའི་འགྲེལ་བརྗོད་གནང་འདུག།