ནོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཡུལ་འོས་མི་ལིའུ་ཤའོ་ཕུའོ།

རྒྱ་ནག་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ལིའུ་ཤའོ་ཕུའོ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་གྲས་ནས་རིམ་པ་མཐོ་གྲས་ཡིན་པ།

2010.10.06

༄༅༎རྒྱ་ནག་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་རྒྱ་ནག་གི་བཙོན་འཇུག་བྱེད་བཞིན་པའི་རྩོམ་པ་པོ་ལིའུ་འོ་ཕུའོ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་གྲས་ནས་རིམ་པ་ཐོ་གྲས་སུ་སླེབས་ཡོད་འདུག 

དེ་ཡང་རྡ་སི་ཀྲའར་ཞེས་པའི་དྲ་རྒྱའི་གསར་འགྱུར་རྒྱུད་ལམ་ཐོག་དེ་རིང་གནས་ཚུལ་སྤེལ་བའི་ནང་ ཕྱི་ཟླ་བཅུ་པའི་ཚེས་༨ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་མིང་ཐོ་དངོས་སུ་ཕྱིར་བསྒྲགས་གནང་གི་ཡོད་པ་དང་ ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་སའི་འོས་མིའི་མིང་གཞུང་ནང་ནས་རྒྱ་ནག་གཞུང་དང་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་རྒྱ་ནག་ཏུ་བཙོན་འཇུག་བྱེད་མུས་ཡིནཔ་རྩོམ་པ་པོ་ལིའུ་འོ་ཕུའོ་ཨང་ཐོ་གྲས་སུ་སླེབས་ཡོད་པར་བརྟེན་ གནད་དོན་དབྱེ་ཞིབ་པ་དང་ཕྱི་རྒྱལ་གྱི་གསར་འགྱུར་རྒྱུད་ལམ་མང་པོ་ཞིག་གི་ཐོགད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་རྒྱ་ནག་གི་བཙོན་ཁང་ནང་བཙོན་འཇུག་བྱེད་བཞིན་པའི་རྩོམ་པ་པོ་ལིའུ་འོ་ཕུའོ་ལ་གནང་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད་

གལ་སྲིད་ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་ལིའུ་ཤའོ་ཕུའོ་ལ་ཐོབ་ཚེ་དེ་ནི་རྒྱ་མི་རིགས་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་ ཡིན་ནའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཉམས་ཞིབ་ལས་ཁང་གི་དབུ་ཁྲིད་ནས་ཉེ་ཆར་ནོ་བེལ་བརྙན་འཕྲིན་ལས་ཁང་གི་དྲི་བར་ལན་འདེབས་གནང་བའི་སྐབས་ རྒྱ་ནག་ཕྱི་སྲིད་ལས་ཁང་གི་བློན་ཆེན་གཞོན་པ་གྲོན་བའོ་ཡིས་ད་ལོ་ཕྱི་ཟླ་དྲུག་པའི་ནང་ནོ་བེལ་དུ་ཚམས་གཟིགས་གནང་བའི་སྐབས་དམིགས་བསལ་ཁོང་དང་ཐུག་ཕྲད་གནང་བའི་དགོས་འདུན་བཏོན་ནས་ གལ་སྲིད་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་ལིའུ་འོ་ཕུའོ་ལ་སྤྲད་པ་ཡིན་ཚེ་ དེས་རྐྱེན་པས་རྒྱ་ནག་དང་ནོར་ལྦེ་རྒྱལ་ཁབ་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་ཉེན་བརྡ་བཏང་བའི་སྐོར་གསུང་ཡོད་པ་དང་ དེ་བཞིན་ལིའུ་འོ་ཕུའོ་ཡི་ཟའ་ཟླ་ལིའུ་ཞའ་ཡིས་རྡ་སི་ཀྲའར་དྲ་གནས་གསར་འགྱུར་རྒྱུད་ལམ་གྱི་དྲི་བར་ལན་འདེབས་གནང་བའི་སྐབས་ལ་ཡང་ ལིའུ་འོ་ཕུའོ་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་སའི་འོས་མིའི་ནང་ནས་མིང་ཐོ་གྲས་གོར་སླེབས་ཡོད་ན་ཡང་ རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ཁོང་ལ་དངོས་སུ་གཟེངས་རྟགས་དེ་ཐོབ་རྒྱུར་ཁོང་གིས་ཡིད་ཆེས་དེ་མ་གནང་གི་མེད་པ་གསུང་འདུག 

རྩོམ་པ་པོ་ལིའུ་འོ་ཕུའོ་ཡིས་ ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཞེས་པ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་ཀྱི་དགོས་འདུན་ཡི་གེ་ཐོག་མར་བཏོན་གནང་བའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ན་ནིང་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་ལུགས་ཀྱི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་བཅུ་གཅིག་གི་ལོ་ཚད་ཁྲིམས་ཐག་བཅད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎