རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག

2024.10.04
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག ཐེ་ཝན་ནང་ཞི་བའི་ལས་འགུལ་ལ་བར་ཆད་བཟོ་མཁན་རྒྱ་ནག་གི་མི་སེར་གཉིས། ༡༠།༠༡།༢༠༢༤
RFA Cantonese

འདིར་གནན་ན་དབྱིན་ཡིག་ནང་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཀློག་ཐུབ།

དེ་ཡང་སྤྱི་ཟླ་༡༠བའི་ཚེས་༡ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་ཧོང་ཀོང་མི་མང་གིས་གོ་སྒྲིག་བྱས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པར་རྒྱ་ནག་སྐམ་སའི་མི་སེར་ཡུལ་སྐོར་བ་གཉིས་ཀྱིས་བར་ཆད་བཟོས་རྗེས་ཁོང་གཉིས་ཐེ་ཝན་ནང་ཡོང་བའི་ཆ་རྐྱེན་དང་འགལ་འཛོལ་བྱས་པའི་ཉེས་མིང་འོག་ཐེ་ཝན་ནས་ཕྱིར་འབུད་བཏང་འདུག
ཐེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་མི་དེ་གཉིས་ཀྱི་རུས་མིང་ནི་(Yao)་ཞེས་ཡིན་པ་ངོ་ཐག་བཅད་ཐོག་ཁོང་གཉིས་ཐེ་ཝན་ནང་སྤུན་མཆེད་ཐུག་འཕྲད་ཆེད་འགྲོ་རྒྱུ་ཡིན་ཚུལ་རྫུན་བཤད་ནས་ཐེ་ཝན་ནང་ཡོང་བ་ཞིག་ཡིན་པ་བརྗོད་འདུག
ཁོང་གཉིས་ལ་ཐེ་ཝན་ནང་སྤུན་མཆེད་དེ་འདྲ་མེད་སྟབས་འདི་ཚེས་༣རེས་གཟའ་ཕུར་བུའི་ཉིན་ཁོང་གཉིས་ཀྱི་མཐོང་མཆན་(Visa)་ཕྱིར་བསྡུ་བྱས་ནས་མཁའ་ལམ་བརྒྱུད་རྒྱ་ནག་ཏུ་ཕྱིར་སློག་བྱས་འདུག
ཁོང་གཉིས་ཀྱིས་གཉེན་འཕྲད་ཆེད་ཡིན་ཚུལ་བཤད་ནས་ཐེ་ཝན་ནང་ཡོང་རྒྱུའི་བརྒྱུད་ལམ་ལོག་སྤྱོད་བྱས་པར་ཐེ་ཝན་གྱི་དཔོན་རིགས་ཚོས་སྐྱོན་བརྗོད་གནང་ཐོག རྒྱ་རིགས་ཐེ་ཝན་ནང་ནང་མི་སྤུན་མཆེད་ཐུག་འཕྲད་ཆེད་ཡོང་མཁན་ཚོས་ཐེ་ཝན་གྱི་བདག་དབང་དང་། དམངས་གཙོར་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་མི་ཆོག་པ་ནན་བཤད་གནང་འདུག
འདི་ཚེས་༡རེས་གཟའ་མིག་དམར་ཉིན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་༧༥འཁོར་བའི་དུས་དྲན་ཡིན་པ་དང་། ཧོང་ཀོང་གི་ཡུལ་མི་ཚོས་གོ་སྒྲིག་བྱས་པའི་འོག་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། རྒྱ་རིགས་དེ་གཉིས་ཀྱིས་ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་འབོད་ཚིག་བཀོད་པའི་འཕྲེད་དར་ས་ལ་གཡུག་ཡོད་པའི་བརྙན་ཐུང་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་(Cantonese)་རྒྱ་སྐད་སྡེ་ཚན་གྱིས་པར་ལེན་བྱས་པའི་ནང་(Yao)་ཞེས་པའི་སྐྱེས་པ་དེས། ཧོང་ཀོང་རྒྱ་ནག་གི་ཆ་ཤས་རེད་ཞེས་སྐད་འབོད་བྱེད་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོས་ཐེ་ཝན་གྱི་བདག་པོ་ཐེ་ཝན་མི་མང་རེད། ཧོང་ཀོང་གི་བདག་པོ་ཧོང་ཀོང་མི་མང་རེད་ཞེས་ཕར་སྐད་རྒྱབ་འདུག སྤྱིར་བཏང་རྒྱ་རིགས་ཐེ་ཝན་དུ་བསྐྱོད་མཁན་ཕྱིར་འབུད་གཏོང་བའི་གནས་ཚུལ་རིགས་ཅུང་དཀོན་པོ་ཡིན་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎