རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཆུང་དུ་འགྲོ་བཞིན་ཡོད་པ།

རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆུང་དུ་འགྲོ་བཞིན་པ་དང་མང་ཚོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རིམ་ཐད་འདེངས་སྤོབས་ཆུང་དུ་འགྲོ་བ།

2008.09.23

༄༅༎རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆུང་དུ་འགྲོ་བཞིན་པ་དང་དུས་མཚུངས་ མང་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རིམ་ཐད་འདེངས་སྤོབས་ཡང་ཆུང་དུ་འགྲོ་བཞིན་ཡོད་འདུག་པ་དང་ དེ་བཞིན་དངོས་ཟོག་ཕྱིར་ཚོང་དང་ རྒྱ་ནག་ནང་ཁུལ་གྱི་ཉོ་ཚོང་གནས་ཚད་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་ལུགས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱེད་པའི་སྙན་ཐོ་ཞིག་ནང་འདོན་སྤེལ་བྱས་ཡོད་པ་དེའི་ནང་བཀོད་ཡོད་པ་རེད་

དེ་ཡང་རྒྱ་ནག་གི་དབུས་དངུལ་ཁང་ནས་ཟླ་བ་གསུམ་རེའི་མཚམས་ཚོང་པ་དང་དངུལ་ཁང་བདག་གཉེར་བ་དེ་བཞིན་མི་སེར་དཀྱུས་མ་ཁག་གི་བསམ་ཚུལ་བསྡུ་རུབ་བྱེད་པའི་སྙན་ཐོག་ཞིག་འདོན་སྲོལ་ཡོད་པ་དེའི་ནང་ བསམ་ཚུལ་བསྡུ་ལེན་བྱ་སའི་རྩ་འབོར་གྱི་བརྒྱ་ཆ་བཞི་བཅུས་རྒྱ་ནག་གི་ཟས་སོང་རིན་གོང་མུ་མཐུད་འཕར་རྒྱུ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་བརྗོད་ཡོད་འདུག རྒྱ་ནག་གཞུང་གིས་ཟས་སོང་རིན་གོང་འཕར་བཞིན་པ་འགོག་ཐབས་ཆེད་ དཔལ་འབྱོར་འཕེལ་ཚད་ཆུང་དུ་གཏོང་བའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་དེས་ རྒྱ་ནག་གི་སྔ་ལོའི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་བཅུ་གཅིག་དང་གྲངས་ཆུང་དགུ་ཙམ་ནས་འདི་ལོ་བརྒྱ་ཆ་དགུ་ཙམ་དུ་བབས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད་ བརྒྱ་ཆ་དགུའི་དཔལ་འབྱོར་འཕེལ་ཚད་འདི་ནི་ དཔལ་འབྱོར་གྱི་དཀའ་ངལ་ཆེན་པོའི་ནང་ལྷུངས་བཞིན་པ་དང་ཨ་མི་རི་ཀ་དང་ཉི་ཧོང་སོགས་ཡུལ་གྲུ་གཞན་སུ་འདྲ་ཞིག་དང་བསྡུར་ན་ཡང་འཕེལ་རྒྱས་ཀྱི་ཚད་གཞི་ཧ་ཅང་གི་མཐོ་པོ་ཡིན་པ་རེད་ ད་དུང་རྒྱ་ནག་དབུས་དངུལ་ཁང་གིས་བཏོན་པའི་སྙན་ཐོ་དེའི་ནང་ རྒྱ་ནག་གིས་འདི་ལོ་དངོས་ཟོག་ཕྱིར་ཚོང་བྱེད་པའི་ཚད་གཞི་འདི་ནི་ཕྱི་ལོ་༢༠༠༥ལོ་ནས་ད་བར་གྱི་ཚད་གཞི་དམའ་ཤོས་དེ་ཡིན་པ་བརྗོད་ཡོད་ན་ཡང་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎