གངས་རིན་པོ་ཆེ་ནས་ཆུ་ཚོད་མེད་འཐེན་བཞིན་ཡོད་འདུག


2016.07.15
གངས་རིན་པོ་ཆེ་ནས་ཆུ་འཐེན་བཞིན་པའི་ཁོར་ཡུག ༢༠༡༥ གངས་རིན་པོ་ཆེ་ནས་ཆུ་འཐེན་བཞིན་པའི་ཁོར་ཡུག ༢༠༡༥
དྲ་བཤུས།/kailashenvironmentobserver

གནས་མཆོག་གངས་རིན་པོ་ཆེའི་ཉེ་འགྲམ་གྱི་ས་འོག་གི་ཆུ་རྫིང་ནས་ཆུ་འཐེན་ནས་འགྱིག་དམ་གྱི་ཆུའི་བཟོ་གྲྭ་དེས་ཁོར་ཡུག་ལ་གནོད་སྐྱེལ་ཡོང་རྒྱུའི་བློ་འཚབ་ཡོང་བཞིན་པ་རེད།
དེ་ཡང་རྒྱ་ནག་གི་ཁེ་གཉེར་ཚན་པ་ཞིག་གིས་གངས་རིན་པོ་ཆེ་དང་རྒྱང་ཐག་སྤྱི་ལེ་༦་ཙམ་གྱི་ས་འོག་ནས་ཆུ་རྫིང་འཐེན་ནས། ཆུ་ཚད་མེད་བཀོལ་སྤྱོད་བྱེད་བཞིན་པའི་ཉེན་ལེན་གྱིས་ཆུ་གཞུང་སྐམ་ནས་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཐེབས་རྒྱུའི་སེམས་ཚབ་གནང་གི་ཡོད་པ་རེད་ཅེས་གངས་དཀར་ཏི་སི་ཁོར་ཡུག་རྟོགས་ཞིབ་ཞེས་པའི་དྲ་རྒྱ་ཐོག་གནས་ཚུལ་དེ་སྤེལ་འདུག
ཡང་གནས་ཚུལ་དེར་གཞིགས་ན། སྤྱི་ལོ་༢༠༡༤་ལོ་ནས་བཟུང་དར་ཆེན་གཏེར་ཆུ་འགྱིག་དམ་བཟོ་གྲྭ་དེ་རྒྱ་ནག་གི་ཅིང་སོའུ་ཞིང་ཆེན་གྱི་ཁེ་ལས་ཚོང་གཉེར་ཁང་ཞིག་གི་སྟངས་འཛིན་འོག་རྒྱ་ནག་པེ་ཅིན་ནས་ཚོང་བསྒྱུར་བྱེད་ཀྱི་ཡོད་འདུག་ལ་དེ་མ་ཟད་གཏེར་ཆུ་བཟོ་གྲ་དེའི་བདག་པོ་དེ་རྒྱ་གར་གྱི་མི་ཁོངས་ཡིན་པའི་AmitMidha་ཞེས་པ་དེ་ཡིན་ཞིང། ཁོང་དང་བཟའ་ཟླ་གཉིས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནང་གནས་བསྡོད་བྱེད་ནས་ལོ་བཅུ་ཙམ་འགྲོ་བཞིན་ཡོད་འདུག་། ཁོང་རྒྱ་ནག་ནང་ཚོང་ལས་ཐོག་ཆ་རྒྱུས་ཡོད་མཁན་ཞིག་རེད་ཅེས་བརྗོད་འདུག
གནས་རི་གངས་རིན་པོ་ཆེ་འགྲམ་གྱི་ས་འོག་གི་ཆུ་རྫིང་ནས་བཟོས་པའི་འགྱིག་དམ་གི་ཆུ་དེ་རྒྱ་གར་ནང་ཧིན་སྒོར་༨༠་རེ་བྱས་ནས་སྔ་ལོ་སྤྱི་ཟླ་༡༠་ནང་ཚོང་སྒྱུར་འགོ་འཛུགས་བྱས་ཡོད་པ་རྒྱ་གར་ནང་གི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་འདུག།
ཁོར་ཡུག་ལ་དོ་སྣང་མཁན་ཚོས་གངས་རིན་པོ་ཆེ་ས་འོག་གི་ཆུ་ཚད་མེད་འཐེན་ནས་བཀོལ་སྤྱོད་ཀྱིས་ཉེ་འགྲམ་གྱི་རང་བྱུང་ཁོར་ཡུག་དོ་མི་མཉམ་པའི་དཀའ་ངལ་འཕྲད་རྒྱུའི་སེམས་ཚབ་ཡོད་པ་རེད་།
ཡང་རྒྱབ་ལྗོངས་ལོ་རྒྱུས་ཀྱི་གནས་ཚུལ་ལ་གཞིགས་ན། ཐོག་མ་སྐྱེས་ཡུལ་མཚོ་སྔོན་ནས་ཡིན་ཞིང་བོད་རིགས་དགེ་འདུན་པ་བློ་བཟང་བསམ་གཏན་ཞུ་ཁོང་དང་། ལྷ་སའི་ས་གཤིས་དང་རང་བྱུང་ཐོན་ཁུངས་ལྷན་ཁང་གི་ཆེད་ལས་མི་སྣས་རོགས་འདེབས་འོག་གངས་རིན་པོ་ཆེ་འགྲམ་གྱི་ས་འོག་གི་ཆུ་རྫིང་དེ་རྙེད་ཡོད། ཁོང་དང་ས་གནས་གཞུང་གིས་མཉམ་འབྲེལ་གྱིས་དར་ཆེའི་འགྱིག་དམ་གི་ཆུ་བཟོ་གྲ་དེ་༢༠༡༡་ལོར་འགོ་ཚུགས་འདུག་ཅེས་རྒྱ་ནག་གི་ཤིན་ཧ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་འདུག
བོད་རིགས་དགེ་འདུན་པ་བློ་བཟང་བསམ་གཏན་ཞུ་བ་ཁོང་དེ་སྔོན་པུ་རམ་དགོན་ཞིག་གི་གྲྭ་པ་ཡིན་པ་དང་། རྗེས་སུ་ཆབ་སྲིད་ཀྱི་ལས་དོན་ནང་ཞུགས་ནས་ད་སྐབས་རྒྱ་ནག་མི་དམངས་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མི་དང་། མངའ་རིས་ཀྲང་ཆུས་ས་གནས་འགན་འཛིན་གཞོན་པ་གནང་མུས་རེད་འདུག འོན་ཀྱང་ད་ཆ་དར་ཆེན་ཆུའི་བཟོ་གྲ་དེ་ལ་ཁོང་གིས་ཐེས་གཏོགས་མེད་ཅིང་རྒྱ་ནག་གི་ཁེ་ལས་ཚོང་གཉེར་ཞིག་གིས་སྟངས་འཛིན་གནང་མོས་རེད་འདུག
གངས་ཏི་སེའམ་གངས་རིན་པོ་ཆེ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་༦༦༥༦་ཡོད་པ་རེད། གནས་འདིར་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ནང་པ་སངས་རྒྱས་དང་། ཕྱི་རོལ་རིག་བྱེད་པ་སོགས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎