རྒྱ་ནག་གཞུང་གིས་ཤིན་ཅང་གི་རླངས་འཁོར་ལ་སྟངས་འཛིན།


2017.02.21
ཤིན་ཅང་གི་ནུབ་ཕྱོགས་རང་སྐྱོང་ས་ཁུལ་(Bayingol)་གྱི་འགྲིམ་འགྲུལ་ཉེན་རྟོག་ཁང་། ༢༠༡༧།༢།༡༩ ཤིན་ཅང་གི་ནུབ་ཕྱོགས་རང་སྐྱོང་ས་ཁུལ་(Bayingol)་གྱི་འགྲིམ་འགྲུལ་ཉེན་རྟོག་ཁང་། ༢༠༡༧།༢།༡༩
Bayingolin Police.

རྒྱ་ནག་གཞུང་གིས་ཤར་ཏུར་ཀིསི་ཐན་ནམ་ཤིན་ཅང་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་འགོག་ཐབས་ཡིན་ཚུལ་གྱི་ཐོག་ནས་རང་སྐྱོང་ཁུལ་ཞིག་གི་ས་གནས་ཀྱི་རླངས་འཁོར་ཡོད་ཚད་ལ་འཁོར་སྐར་གྱི་ཐོག་ནས་ཤུལ་འདེད་གཏོང་ཐུབ་པའི་འཕྲུལ་ཆས་འཛུགས་དགོས་པ་བཀའ་ཁྱབ་བཏང་ཡོད་འདུག
དེ་ཡང་Reuters་གསར་ཁང་གིས་སྤྱི་ཚེས་༢༡་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཤར་ཏུར་ཀིསི་ཐན་ནམ་ཤིན་ཅང་གི་ནུབ་ཕྱོགས་རང་སྐྱོང་ས་ཁུལ་(Bayingol)་གྱི་འགྲིམ་འགྲུལ་ཉེན་རྟོག་ཁང་གིས་གཞུང་འབྲེལ་གྱི་Weibo་དྲ་ཐོག་ཏུ་ཟླ་འདིའི་སྤྱི་ཚེས་༤ཉིན་གནས་ཚུལ་སྤེལ་བའི་ནང་། རླངས་འཁོར་ནི་དྲག་སྤྱོད་པས་གཙོ་བོར་བེད་སྤྱོད་བྱེད་པའི་སྐྱེལ་འདྲེན་ཞིག་ཡིན་ལ། འཇིགས་སྐུལ་གྱི་དྲག་ལས་སྤེལ་སྐབས་ལན་མང་བེད་སྤྱོད་བྱེད་པའི་ལག་ཆ་ཞིག་ཀྱང་ཆགས་ཡོད་པ་བཀོད་ཡོད་འདུག
ཡང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་རེས་གཟའ་མིག་དམར་ཉིན་བརྗོད་ན། རླངས་འཁོར་ཡོད་ཚད་ལ་སྤྱི་ཟླ་༦་པའི་ཚེས་༣༠་འགྱངས་མེད་རླངས་འཁོར་ཡོངས་རྫོགས་ཀྱི་སྒུལ་སྐྱོད་རང་བཞིན་ཤེས་རྟོགས་ཐུབ་རྒྱུར། རྒྱ་ནག་གི་བདག་ཏུ་བཟུང་བའི་Beido་སྒུལ་སྐྱོད་རྟོག་ཞིབ་ཀྱི་མི་བཟོས་འཕྲུལ་འཁོར་དང་འབྲེལ་འཐུད་ཡོད་པའི་GPS་ཟེར་བ་གཡོ་སྒུལ་རྟོག་ཞིབ་ཐུབ་པའི་ཁྱད་ཆོས་ཅན་གྱི་ཤུལ་འདེད་འཕྲུལ་ཆས་བཙུགས་ཟིན་པ་དགོས་ལུགས་བརྗོད་འདུག
རྒྱ་ནག་གཞུང་གིས་བཙན་བཀའི་ཐོག་ནས་རླངས་འཁོར་ནང་ཆེད་འཛུགས་བྱེད་དུ་འཇུག་རྒྱུའི་དམིགས་བསལ་འཕྲུལ་ཆས་དེ་ནི་དེང་སྐབས་འཛམ་གླིང་གང་སར་འགྲིམ་འགྲུལ་བདེ་པོ་ཡོང་སླད་བེད་སྤྱོད་གཏོང་བཞིན་པའི་GPS་ཟེར་བ་འགྲོ་ལམ་གྱི་ས་ཁྲ་སྟོན་མཁན་གྱི་འཕྲུལ་ཆས་དང་འདྲ་མཚུངས་ཡིན་པ་དང༌། འཕྲུལ་ཆས་དེ་ཆེད་འཛུགས་བྱས་པ་ཡིན་ཚེ་རླངས་འཁོར་ག་པར་འགྲིམ་འགྲུལ་བྱེད་ཀྱི་ཡོད་པ་དང་། ག་པར་བཞག་ཡོད་པ་བཅས་བར་སྣང་ཐོག་ཡོད་པའི་མི་བཟོས་རྒྱུ་སྐར་གྱི་བརྒྱུད་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་ལྟར། ཤར་ཏུར་ཀིས་ཐན་ནང་ད་ལམ་རྒྱ་ནག་གཞུང་གིས་འཕྲུལ་ཆས་དེ་རླངས་འཁོར་ནང་འཛུགས་དགོས་པའི་བཙན་བཀའ་བཏང་དགོས་པ་ནི། དྭོགས་གཞི་ཅན་གྱི་འགྲིམ་འགྲུལ་ཐོག་སྟངས་འཛིན་བྱེད་ཐུབ་པར་དམིགས་པ་ཡིན་པའི་འགྲེལ་བརྗོད་བྱས་འདུག
འདས་པའི་ལོ་ཤས་རིང་ཤར་ཏུར་ཀིསི་ཐན་ནང་ཡུ་གུར་ཁ་ཆེའི་མི་རིགས་དང་། རྒྱ་ཧན་མི་རིགས་བར་འཁྲུག་རྩོད་ཤོར་ནས་མི་བརྒྱ་ཕྲག་མང་པོ་རྐྱེན་ལམ་དུ་སོང་ཡོད་ལ། ས་ཁུལ་དེའི་ནང་དྲག་ཟིངས་ཀྱི་ལས་དོན་ཆེ་ཆུང་འདྲ་མིན་བསྟུད་མར་འབྱུང་བཞིན་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎