ཀླུ་ཆུར་བོད་མིའི་ས་ཆ་བཙན་འཕྲོག


2013.05.14
ཀན་ལྷོ་ཀླུ་ཆུ་རྫོང་ས་གནས་རྒྱ་ནག་གི་སྤྱི་བདེས་ས་གནས་བོད་མིའི་ཉོས་ཡོད་པའི་ས་ཆ་མི་ཉུང་བ་བཙན་འཕྲོག་དང་བོད་མི་༡༥ཙམ་འཛིན་བཟུང་བྱས་འདུག
ཀླུ་འབུམ་བཀྲ་ཤིས།

༄༅༎ཟླ་བ་འདི་ཚེས་༡༢ཉིན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་སྤྱི་བདེ་མི་སྣ་དང་། དྲག་ཆས་ཉེན་རྟོག་པ་བཅས་མི་གྲངས་༢༠༠ཙམ་གློ་བུར་རྫོང་མཐའ་ལ་ས་གནས་བོད་མི་ཚོས་ཉོས་ཡོད་པའི་ས་ཆའི་ཐོག་འབྱོར་ནས་། ས་ཆ་དེ་དག་ནི་རྒྱལ་ཁབ་ཀྱི་ས་ཆ་ཡིན་པ་ལས་མི་སྒེར་གྱིས་ཉོ་བ་དང་སྤྱོད་ཆོག་པའི་དབང་ཆ་མེད་པས་ཡག་པོ་བྱས་ནས་རྩིས་སྤྲོད་མ་བྱས་ན་བཙན་འཕྲོག་བྱེད་རྒྱུའི་ཡིན་པའི་འཇིགས་སྐུལ་བྱས་ཡོད་ཀྱང་། ས་བདག་བོད་མི་ཚོས་རྒྱུ་དངོས་མང་པོའི་འགྲོ་སོང་བཏང་ཉོས་བ་དང་། ཡུན་རིང་བདག་གཉེར་བྱས་པར་བརྟེན་རྩིས་སྤྲོད་བྱེད་རྒྱུ་མིན་པ་བཤད་ནས་སོ་སོའི་ས་ཐོག་ཏུ་བསྡད་སྐབས། སྤྱི་བདེ་ཚན་པ་དང་དྲག་ཆས་དམག་མིས་བོད་མི་ཚོར་གཅར་རྡུང་དྲག་པོ་བྱེད་ཞོར་ས་ཐོག་ནས་ཕྱིར་ཕུད་བྱས་བ་དང་། ས་ཆ་དེར་དེ་མ་ཐག་ལྕགས་ར་སྐོར་ནས་ཀླུ་ཆུ་རྫོང་ས་ཁུལ་བདག་སྐྱོང་འགོ་ཁྲིད་ཚོགས་ཆུང་ཞེས་བས་མི་མང་སྲིད་གཞུང་གི་ཡིག་ཆ་དང་མཉམ་ས་ཆ་དེ་ཕྱིར་བསྡུ་གཞུང་བཞེས་བཏང་བ་ཡིན་པའི་བརྡ་ཁྱབ་བཙན་གྱིས་སྦྱར་འདུག འོན་ཀྱང་ས་གནས་བོད་མི་ཚོ་མུ་མཐུད་ས་ཐོག་དུ་ཉལ་ནས་ངུ་འབོད་བྱེད་པ་དང་། ས་ཆ་རྩིས་སྤྲོད་བྱེད་འདོད་མེད་པའི་ངོ་རྒོལ་བྱས་སྐབས་ཉེན་རྟོག་པས་གཅར་རྡུང་དྲག་པོས་བོད་མི་དར་རྒྱས་དང་། མགོན་པོ་སྐྱབས་སོགས་ཉུང་མཐར་ཡང་མི་གྲངས་༡༥ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། གཅིག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎