ཇར་མི་ནི་དུ་རྒྱ་ནག་སོ་པས་ཡུ་གུར་མིར་བརྟག་དཔྱད།

རྒྱ་མིའི་སོ་པ་བཞིས་གསང་བའི་ཐོག་ནས་ཇར་ན་མིའི་མིའུ་ནིཁ་ས་གནས་ནང་ཡོད་པའི་ཡུ་གུར་གྱི་སྤྱི་ཚོགས་ཐོག་བརྟག་དཔྱད་བྱེད་བཞིན་ལུགས།

2009.11.27

༄༅༎ཇར་ན་མིའི་མིའུ་ནིཁ་ས་གནས་གསང་བའི་བརྟག་དཔྱད་མི་སྣས་གཟའ་འཁོར་སྔོན་མའི་གཟའ་མིག་དམར་ཉིན་གྲོང་ཁྱེར་དེའི་ཡི་ཁང་ལ་སླས་སའི་ཁང་པ་ཞིག་ནང་རྔོག་བཤེར་བྱས་ནས་དེའི་ནང་ནས་རྒྱ་མིའི་སོ་པ་བཞིས་གསང་བའི་ཐོག་ནས་ས་གནས་དེའི་ནང་ཡོད་པའི་ཡུ་གུར་གྱི་སྤྱི་ཚོགས་ཐོག་བརྟག་དཔྱད་བྱེད་བཞིན་པའི་གནས་ཚུལ་ཤེས་རྟོག་བྱུང་ཡོད་པའི་སྐོར་བདེ་འཇགས་བརྟག་དཔྱད་མི་སྣས་ཌེར་སི་པི་གེལ་ཟེར་བའི་ས་གནས་ཀྱི་གསར་འགྱུར་དུས་དེབ་ཐོག་གནས་ཚུལ་འགྲེལ་བརྗོད་གནང་ཡོད་འདུག    ཇར་མན་གཞུང་གི་བདེ་འཇགས་བརྟག་དཔྱད་མི་སྣས་གསར་འགྱུར་དུས་དེབ་ལ་འགྲེལ་བརྗོད་གནང་དོན་ལྟར་ན་། ཇར་མན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སྦ་ལྦ་རིཡེན་ཞེས་པའི་ཡུ་གུར་མི་རིགས་མང་ཤོས་གནས་སྡོད་བྱེད་སར་སོ་པའི་དྲ་བའི་འབྲེལ་ལམ་བཙུགས་ནས་ས་གནས་དེའི་ནང་གི་ཡུ་གུར་སྤྱི་ཚོགས་ཀྱི་གནས་སྟངས་སོ་ཉུལ་བྱེད་ཀྱི་ཡོད་པ་གསུང་བཞག སྦ་ལྦ་རིཡེན་ས་གནས་ནང་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ལྟེ་གནས་སུ་ཡོད་པ་མ་ཟད་ཡུ་གུར་གི་ཆབ་སྲིད་མི་སྣ་མང་པོ་ཞིག་གནས་སྡོད་བྱེད་ཀྱི་ཡོད་པའི་ཁར་ས་གནས་དེའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་གྱི་སྲིད་བྱུས་དང་ཐབས་ལམ་འཛིན་བཞིན་པའི་གནས་སྟངས་ཐོག་ངོ་རྒོལ་གྱི་ལས་འགུལ་ཡང་སྣ་ཚོགས་སྤེལ་གྱི་ཡོད་ཅིང་གོང་ཞུས་གསར་འགྱུར་དུས་དེབ་དེའི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་པའི་ནང་ཇར་མན་གཞུང་གིས་ལོ་གཉིས་ཀྱི་གོང་ཇར་མན་ནང་རྒྱ་ནག་སོ་ཉུལ་ཉུང་དུ་གཏོང་རྒྱུའི་ཐབས་ལམ་སྲིད་བྱུས་འཛིན་པའི་རྗེས་ད་རེས་དེའི་ཐོག་ཞིབ་ཕྲའི་ཛ་དྲག་གི་གོམ་སྟབས་སྤོ་ཐེངས་ཐོག་མ་ཡིན་པ་འཁོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎