རྒྱ་རིགས་མང་གཙོ་དོན་གཉེར་བར་མུ་མཐུད་དམ་བསྒྲགས།

རྒྱ་རིགས་མང་གཙོ་དོན་གཉེར་བ་ཞིགབཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་རྒྱ་གཞུང་གིས་ཁོ་པའི་ཐོག་དམ་བསྒྲགས་མུ་མཐུད་ཡོད་པ།

2011.02.10

༄༅༎སྔ་ལོའི་ཕྱི་ཟླ་དགུ་པའི་ནང་། རྒྱ་རིགས་ཁྲིམས་རྩོད་ལོང་བ་ཁྲེན་ཀོང་ཆན་ལོ་བཞི་ལྷག་ཙམ་རྗེས་སུ་བཙོན་ཁང་ནས་གློད་བཀྲོལ་ཐོབ་ནས་རྒྱ་ནག་ཤར་ཕྱོགས་ཤན་དྲོང་ཞིང་ཆེན་གྱི་གྲོང་གསེབ་ས་ཁུལ་ཞིག་ཏུ་ཁོ་པའི་ནང་ཁྱིམ་དུ་ལོག་ནས་གནས་སྡོད་བྱེད་བཞིན་ཡོད་ཀྱང་བཙོན་ཁང་ནས་གློད་བཀྲོལ་ཐོབ་པ་མིང་ཙམ་མ་གཏོགས་ཁོ་པའི་ཐོག་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་རྒྱ་ནག་གཞུང་གི་ཉེན་རྟོག་པས་ལྟ་སྲུང་བྱས་ནས་དམ་བསྒྲགས་ཡོད་མུས་ཡིན་པའི་སྐོར་ཨ་རིའི་ནང་རྟེན་གཞི་བྱེད་པའི་ཅ་ཡེ་ན་ཨེདྲེ་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ནས་ལྦི་དྲོ་བརྙན་པར་གྱི་བརྒྱུད་ལམ་ནས་གནས་ཚུལ་བཏོན་ཡོད་པ་རེད། བརྙན་པར་དེའི་ནང་། མང་གཙོ་དོན་གཉེར་བ་ཆན་དང་ཁོ་པའི་བཟའ་ཟླ་གཉིས་གློད་བཀྲོལ་ཐོབ་པ་ནས་བཟུང་ས་གནས་ཉེན་རྟོག་པས་སྡུག་སྦྱོང་མནར་གཅོད་ག་འདྲ་བཏང་དང་གཏོང་བཞིན་ཡོད་པའི་གནས་སྟངས་ངོ་སྤྲོད་བྱས་པ་དང་། དེ་བཞིན་ཁོ་པའི་ཁང་པའི་གཡས་གཡོན་དུ་ལྟ་སྲུང་བྱེད་མཁན་ཡོད་པ་ཁོང་གཉིས་ནས་འགྲེལ་བརྗོད་བྱེད་པའང་བཏོན་ཡོད་པ་རེད། ཡིན་ནའང་ལྦི་དྲོ་བརྙན་པར་དེ་དག་ཁུངས་བདེན་ཡིན་མིན་དམིགས་བསལ་ཞིབ་འཇུག་ཐུབ་ཀྱི་མེད་པའང་ལུང་འདྲེན་བྱེད་ཡོད་པ་བཅས་གང་ལྟར་རྒྱ་ནག་གཞུང་ནས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་བཏང་བའི་རྗེས་སུའང་ཉིན་མཚན་མེད་པ་དམ་བསྒྲགས་བྱས་ནས་བསུན་ཙིར་བཟོ་གི་ཡོད་པ་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། རྒྱ་རིགས་ཆན་ཀོང་ཆང་ནི་ཆུང་དུས་ནས་ལོང་བ་ཆགས་ཡོད་ཀྱང་རང་ཉིད་ནས་སྙིང་སྟོབས་ཞུམ་པ་མེད་པར་ཁྲིམས་ཀྱི་སློབ་སྦྱོང་བྱེད་པ་དང་། རིམ་པས་རྒྱ་ནག་གཞུང་གི་འཆར་ལྔན་བུ་བཙའི་སྲིད་བྱུས་དང་ལྷག་པར་དུ་བུད་མེད་སྦྲུམ་མར་བ་བཙན་ཤེད་ཀྱི་ཐོག་ནས་ཕྲུ་གུ་སྐྱེས་མ་ཆོག་པའི་བཤག་བཅོས་བྱེད་ཀྱི་ཡོད་པ་དེ་དག་དང་། ད་ག་ནང་བཞིན་ཞིང་པ་ཚོའི་ས་ཞིང་བཙན་ཤེད་ཀྱིས་ཚོང་བསྒྱུར་བྱེད་བཅུག་པ་དང་། ཡང་ན་དབང་ཆ་ཡོད་མཁན་ཚོས་འཕྲོག་པ་སོགས་ཀྱི་གནས་སྟངས་རྣམས་གོང་རིམ་ལ་ཞུ་གཏུགས་དང་ཡང་ན་ཁྲིམས་རྩོད་བྱེད་པ་བཅས་མི་མང་གི་ཐོབ་ཐང་ལ་འཐབ་རྩོད་ཀྱི་ལས་འགུལ་བསྟུད་མར་སྤེལ་བ་དང་དེ་བརྒྱུད་ནས་ཁོ་པའི་གྲོང་གསེབ་ནང་ཟིང་ཆ་ཕྲན་བུའི་བྱུང་བར་ཁོ་པར་ཉེས་བཙུགས་ཀྱིས་ཕྱི་ལོ་༢༠༠༥ལོར་བཙོན་བཅུག་ཉེས་ཆད་ཕོག་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎