རྒྱ་ནག་གཞུང་ནས་བོད་རྒྱའི་གྲོས་མོལ་གནང་འཆར་བདེན་པ་ཡིན་པ།

རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་བོད་རྒྱའི་བར་གྱི་གྲོས་མོལ་གནང་འཆར་ཡོད་པའི་གོ་སྐབས་དེ་བཟུང་གནང་དགོས་ལུགས་ཞུས་འདུག

2008.04.29

༄༅༎རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་བོད་རྒྱའི་བར་གྱི་གྲོས་མོལ་གནང་འཆར་ཡོད་པའི་གོ་སྐབས་དེ་བཟུང་གནང་དགོས་ལུགས་ད་རིང་རེས་གཟའ་མིག་དམར་ཉིན་བརྗོད་འདུག་པ་དང༌། དེ་བཞིན་ ཨོ་ལིམ་པིཀ་ ཡི་རྩེད་འགྲན་མ་ཚུགས་སྔོན་བོད་ནང་གི་དྲག་ཟིང་མཚམས་འཇོག་གནང་དགོས་ལུགས་སོགས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཁག་ཀྱང་བསྐྱར་བཟློས་བྱས་འདུག

གཟའ་མིག་དམར་ཉིན་པེ་ཅིང་དུ་ཚུགས་པའི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་དེའི་ཐོག་ ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ ཇི་ཡང་ཡུས་ རྒྱ་ནག་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་ནས་ཏྰ་ལའི་བླ་མ་དང་འབྲེལ་བ་བྱེད་མུས་ཡིན་པ་བརྗོད་སྟེ། གཟའ་པ་སངས་ཉིན་ཤིན་ཧྰ་གསར་འགྱུར་བརྒྱུད་ལམ་ཐོག་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་ དང་ལྷན་དུ་གྲོས་མོལ་ཞུ་འདོད་ཡོད་ལུགས་ཀྱི་གནས་ཚུལ་སྤེལ་བ་དེ་བདེན་པ་ཡིན་པ་ཁས་ལེན་བྱས་ཡོད་པ་རེད། ད་དུང་གསར་འགོད་ལྷྲན་ཚོགས་དེའི་ཐོག ཇི་ཡང་ཡུས་ ཏྰ་ལའི་ངོས་ནས་གོ་སྐབས་འདི་བཟུང་བ་དང་། ད་ལྟའི་གནས་སྟངས་མཁྱེན་པར་གནང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུ་མཚམས་འཇོག་གནང་རྒྱུར་དོན་དངོས་ཀྱི་གོམ་སྟབས་སྤོ་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད་པར་མ་ཟད། ཐེངས་རྗེས་མའི་གྲོས་མོལ་གྱི་ཁོར་ཡུག་བསྐྲུན་རྒྱུར་ པེ་ཅིང་གི་ཨོ་ལིམ་པིཀ་ ལ་འགོག་རྐྱེན་བཟོ་བའི་ལས་འགུལ་ཁག་དང༌། ཁ་བྲལ་གྱི་ལས་འགུལ་སོགས་ཀྱང་མཚམས་འཇོག་གནང་པའི་རེ་བ་ཡོད་ཅེས་

བརྗོད་ཡོད་པ་རེད། གཟའ་པ་སངས་ཉིན་ཤིན་ཧྰ་གསར་འགྱུར་བརྒྱུད་ལམ་ཐོག་སྤེལ་བའི་གསལ་བསྒྲགས་དེའི་ནང་། འབྱུང་འགྱུར་གྱི་ཉིན་ཤས་ནང་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོགགི་སྐུ་ཚབ་རྣམས་དང་མཇལ་མོལ་ཞུ་རྒྱུ་ཡིན་པ་བཀོད་ཡོད་པ་རེད། འོན་ཀྱང་ད་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་

ཀྱི་མགྲིན་ཚབ་མ་ ཇི་ཡང་ཡུས་ གྲོས་མོལ་གནང་རྒྱུའི་དུས་ཚེས་དང་མཇལ་མོལ་གནང་ཕྱོགས་སོགས་ཀྱི་གནད་དོན་ད་བར་ཐག་གཅོད་བྱུང་

མེད་པ་འགྲེལ་བརྗོད་གནང་ཞིང་། དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་དེས་ངས་ཤེས་རྟོགས་ལྟར་ན། གྲོས་མོལ་གྱི་ཞིབ་ཕྲའི་གནད་དོན་ཐད་གྲོས་བསྡུར་བྱེད་མེད་པ་དང༌། ད་ལྟའི་སྐབས་ང་ཚོར་འདིའི་སྐོར་ཞིབ་ཕྲ་གང་ཡང་གསལ་བཤད་བྱ་རྒྱུ་མེད་ཅེས་བརྗོད་འདུག

༸གོང་ས་མཆོག་ནས་གྲོས་མོལ་དོན་དང་ལྡན་པ་ཞིག་ཡོང་དགོས་པ་ལས་དེ་ལྟར་མེད་པར་མི་དང་མིའི་གདོང་ཐུག་པ་ཙམ་གྱིས་གྲོས་མོལ་གྱི་དགོས་དོན་མཚང་བ་རེད་ཅེས་བཀའ་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎