རྒྱ་ནག་གཞུང་ནས་ཕྱི་སྡོད་རྒྱ་རིགས་ཚོར་རྒྱལ་དར་་སྦྲག་བཏང་བྱས་པ།
2008.04.23
༄༅༎རྒྱ་ནག་གཞུང་ནས་ཕྱི་སྡོད་རྒྱ་རིགས་ཚོར་རྒྱལ་དར་རིན་མེད་ཐོག་ནས་སྦྲག་བཏང་བྱས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་ནག་གི་ཨིན་ཊར་ནེཊ་ཡི་གྱི་བརྒྱུད་ལམ་ཁག་ཅིག་ནས་འབོད་སྐུལ་བྱས་པ་ལྟར། རྒྱ་ནག་ནང་ཡོད་པའི་རྒྱ་རིཊ་ཚོས་ཕྱི་སྡོད་རྒྱ་རིཊ་ཚོར་རྒྱལ་དར་སྟོང་ཕྲག་མང་པོ་ཞལ་འདེབས་རྒྱབ་ཡོད་པ་དང༌། དེ་དག་ཕྱི་ཕྱོགས་སུ་ཡིག་ཟམ་བརྒྱུད་གཞུང་ནས་རིན་མེད་གཏོང་རྒྱུའི་མཐུན་འགྱུར་བྱེད་ཀྱི་ཡོད་འདུག དེ་ཡང་སོ་ཧུ་ཞེས་པའི་རྒྱ་ནག་གི་ཨིན་ཊར་ནེཊ་དྲ་བའི་ཡིག་ཚང་ནས་འགྲེལ་བརྗོད་བྱས་པར་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་རྒྱལ་དར་སྟོང་ཕྲག་བཅུ་གསུམ་ཙམ་ཞལ་འདེབས་སྤྲད་མཁན་བྱུང་ཡོད་པ་དེ་དག་རིམ་པས་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་འཁྱེར་ཡོང་སའི་ཨོསེཊེལིཡ་དང་། ཉིཧོང༌། ལྷོ་ཀོ་རིཡ་སོཊ་སུ་གཏང་རྒྱུ་ཡིན་ལུགས་བཀོད་འདུག
འདས་པའི་བདུན་ཕྲག་འགའ་ཤས་གོང་ཕ་རན་སི་དང༌། དབྱིན་ཡུལ་དང༌། སན་ཕྷ་རན་སིས྄་ཀོ་སོགས་ཀྱི་ནང་ཨོ་ལིམ་པིཀ་རྩེད་འགྲེན་གྱི་དཔལ་འབར་བསྐོར་བསྐྱོད་བྱས་པའི་སྐབས་རྒྱ་རིགས་སྟོང་ཕྲག་མང་པོས་རྒྱལ་དར་དམར་པོ་འཁྱེར་ནས་དཔལ་འབར་ལ་དགའ་བསུ་ཞུས་ཡོད་པ་ལྟར་ཡུལ་གྲུ་གཞན་གྱི་ནང་དུའང་རྒྱ་རིགས་ཕོན་ཆེ་ཡོད་པ་དེ་དག་གི་བེད་སྤྱོད་ཆེད་རྒྱལ་དར་བསྡུ་རུབ་བྱ་རྒྱུའི་ལས་འགུལ་བརྩམས་པ་ཞིག་ཡིན་འདུག།