ཀྲང་ཁོན་ཧྲིན་ལས་གནས་ནས་ཕྱིར་འབུད་དང་ཞིབ་བཤེར།
2015.01.02
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཕྱག་རོགས་བློན་ཆེན་ཀྲང་ཁོན་ཧྲིན་ལས་གནས་ནས་ཕྱིར་འབུད་དང་ཞིབ་བཤེར་བྱེད་བཞིན་ཡོད་འདུག
དེ་ཡང་Zhang Kunshengཟེར་བའི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཕྱག་རོགས་བློན་ཆེན་ཞིག་ལ་ལྐོག་ཟ་རུལ་སུངས་གི་གྱོད་གཞིའི་འོག་ལས་གནས་ནས་ཕྱིར་འབུད་བཏང་པ་དང་། ཆབས་ཅིག་ལྐོག་སའི་གྱོད་གཞིའི་ཞིབ་དཔྱོད་འགོ་འཛུགས་བྱས་ཡོད་ལུགས་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་འདུག གོང་གསལ་ Zhang Kunshengཟེར་བ་དེ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནང་བློན་ཆེན་ཕྱག་རོགས་ཀྱི་གོ་གནས་ཡོད་པའི་མཐོ་རིམ་ལས་བྱེད་བཞི་ཡོད་པ་ནས་གཅིག་ཡིན་འདུག་པ་དང་། ཕྱི་སྲིད་ལས་ཁུངས་ཀྱིས་དྲ་རྒྱའི་སྟེང་། ཁོ་པ་ཕྱིར་འབུད་བཏང་བའི་གནས་ཚུལ་གསལ་བསྒྲགས་ནང་ Zhang Kunsheng ནས་ལས་ཁུངས་ཀྱི་སྒྲིག་གཞི་དང་འགལ་བའི་བྱ་སྤྱོད་ལ་བརྟེན་ཁོ་པ་གནས་དབྱུང་བཏང་ཡོད་ལུགས་འཁོད་པ་ལས་དངོས་སུ་ཁོ་པའི་ནག་ཉེས་སྐོར་ཞིབ་ཕྲའི་གནས་ཚུལ་དང་། དེ་བཞིན་གནད་དོན་དེའི་སྐོར་ཞིབ་དཔྱོད་བྱ་སྟངས་སོགས་ཀྱི་སྐོར་གསལ་འདོན་བྱས་མེད་པ་རེད།
གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་ནས་སྒྲིག་གཞི་དང་འགལ་བའི་བྱ་སྤྱོད་ཅེས་མིང་ཚིག་དེ་རྒྱུན་ལྡན་ལྐོག་ཟའི་གནད་དོན་ལ་སྙད་འདོགས་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་བཞིན་འདུག Zhang Kunshengཟེར་བ་དེ་༡༩༨༠ཙམ་ནང་རྒྱ་ནག་གི་ཕྱི་འབྲེལ་གཞུང་ཞབས་ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱས་རྗེས་རིམ་བཞིན་གོ་གནས་འཕར་དེ་མཐར་ད་རེས་ཕྱིར་འབུད་བྱེད་པའི་སྐབས་ཁོ་པ་ཕྱི་སྲིད་ལས་ཁུངས་ཀྱི་སྣེ་ལེན་བཀོད་སྒྲིག་སྡེ་ཚན་གྱི་འགོ་འཁྲིད་འགན་ཁུར་ཡོད་འདུག་ལ་ལས་གནས་དེའི་ཐོག་ཉེ་བའི་ལོ་དུས་ནང་ཁོ་པ་Brazil དང་Netherlandཨ་རི་བཅས་ཕྱིའི་ཡུལ་གྲུ་ཁག་ནང་སྐོར་བསྐྱོད་ལན་མང་བྱེད་མྱོང་ཡོད་འདུག
གསར་འགོདཔ་དོན་གྲུབ་རྣམ་རྒྱལ།