རྒྱ་ནག་གིས་སྒྱུ་རྩལ་དང་བོད་ནང་ཐོབ་ཐང་ཚོང་འབྲེལ་བྱ་རྒྱུ་མིན།

རྒྱ་ནག་གིས་སྒྱུ་རྩལ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གཉིས་ཚོང་འབྲེལ་བྱ་རྒྱུ་མིན་པ་ཞེས་ཨེ་ཤེ་ཡའི་དུས་བབ་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

2009.02.28

༄༅༎རྒྱ་ནག་གིས་སྒྱུ་རྩལ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གཉིས་ཚོང་འབྲེལ་བྱ་རྒྱུ་མིན་པ་ཞེས་ཕྱི་ཚེས་ཉི་ཤུ་དྲུག་ཉིན་ཨེ་ཤེ་ཡ་ཀྲའེམ་སེ་ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

ཕེ་རན་སིའི་ཨི་ལྦེསི་སེན་ཏེ་ལོ་རེན་སི་ཞེས་པའི་ཆས་གོད་དཔེ་གསར་བཟོ་མཁན་སྙན་གྲགས་ཅན་གྱིས་དངོས་རྫས་རྙིང་པ་གསོག་གྲུབ་གནང་བའི་ནང་ནས་དེ་སྔ་རྒྱ་ནག་གི་ཆིང་གོང་མའི་ཡིན་པ་རྒྱུ་ལི་ལས་བཟོས་པའི་ཐོར་ཆུའི་རེ་བོང་དང་ཙི་ཙིའི་མགོ་ཅན་གྱི་འདྲ་གཟུགས་གཉིས་ཀྱང་ཡོད་པ་རེད།

སྔ་ལོ་སེན་ཏེ་ལོ་རེན་སི་འདས་གྲོངས་སུ་ཕྱིན་པའི་རྗེ་སུ་སེན་ཏེ་ལོ་རེན་སི་ཡི་ཚོང་ཤག་སྐུ་ཞབས་པིཡེར་སྦག་ཡིས་གོང་ཞུས་རེ་བོང་དང་ཙི་ཙི་འདྲ་གཟུགས་གཉིས་པོ་རིན་སྤར་ཚོང་སྒུར་བྱེད་འཆར་སྐབས་སུ་རྒྱ་མིའི་ཚོགས་པ་ཞིག་གིས་བཀག་འགོག་ཐུབ་ཐབས་བྱས་པ་མ་ཟད་རྒྱ་ནག་གཞུང་གིས་དངོས་རྫས་དེ་གཉིས་དཔེ་མཚོན་དུ་དྲངས་ནས་དེ་སྔ་ནུབ་ཕྱོགས་པའི་སྟོབས་ཤུགས་ཀྱིས་རྒྱ་ནག་ངོ་ཚ་ཁ་སྐྱེངས་བཟོས་པའི་གནས་ཚུལ་དྲིལ་བསྒྲགས་བྱས་པ་དང་དུས་མཚུངས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་ཀྱི་གནད་དོན་སོགས་ལ་སྣང་མེད་གཏང་ཐབས་བྱེད་ཀྱི་ཡོད་པ་རེད། སྐུ་ཞབས་པིཡེར་སྦག་ཡིས་རེ་བོང་དང་ཙི་ཙི་མགོ་ཅན་གྱི་འདྲ་གཟུགས་འདི་གཉིས་ཁོང་རང་གིས་དགའ་པོའི་ཐོག་ནས་རྒྱལ་ས་པེ་ཅིང་ནང་ཕེབས་ཏེ་གོང་མའི་དབྱར་ཁའི་ཕོ་བྲང་ནང་འཇོག་གི་ཡིན་ཡིན་ནའང་དེའི་གོང་ལ་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་དང་བད་མི་རྣམས་ལ་རང་དབང་ཕྱིར་ལོག་བྱེད་དགོས་པ་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲན་ཞུ་རྒྱུའི་ཁས་ལེན་དགོས་སྐོར་རྒྱལ་ས་པེ་རེ་སི་ནང་གསར་འགོད་ལྷན་ཚོགས་ཤིག་ཐོག་གསུངས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་པི་ཡེར་སྦག་ཡི་གཏམ་བཤད་ལ་སྣང་མེད་བཏང་སྟེ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ཚོའི་རྒྱལ་ཞན་ལངས་ཏེ་རྒྱ་ནག་གི་མནའ་བོའི་དངོས་ཟོག་ཚོང་འབྲེལ་བཀག་འགོག་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད་སྟབས་ཁྲིམས་རྩོད་དང་བླངས་བརྒྱད་ཅུ་རྒྱ་ལྔ་ཕེ་རན་སིའི་རྒྱལ་ས་པེ་རི་སི་ཀྱི་ཁྲིམས་ཁང་ལ་གོང་ཞུས་སྐོར་ཞུ་གཏུགས་བྱས་ཀྱང་ལམ་འགྲོ་བྱུང་མེད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎