རྒྱ་ནག་གཞུང་གིས་ཉི་ཧོང་གི་མི་སེར་ལ་ཉིན་གྲངས་༣༠་རིང་མཐོང་མཆན་ལག་ཁྱེར་མི་དགོས་པར་རྒྱ་ནག་ནང་བསྐྱོད་ཆོག་པ་གསལ་བསྒྲགས་བྱས་འདུག

2024.11.22
རྒྱ་ནག་གཞུང་གིས་ཉི་ཧོང་གི་མི་སེར་ལ་ཉིན་གྲངས་༣༠་རིང་མཐོང་མཆན་ལག་ཁྱེར་མི་དགོས་པར་རྒྱ་ནག་ནང་བསྐྱོད་ཆོག་པ་གསལ་བསྒྲགས་བྱས་འདུག
RFA

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༡༡་ཚེས་༣༠་ཉིན་ནས་བཟུང་རྒྱ་ནག་ནང་བསྐྱོད་འདོད་ཡོད་པའི་ཉི་ཧོང་གི་མི་མང་རྣམས་ཉིན་གྲངས་༣༠་རིང་མཐོང་མཆན་ལག་ཁྱེར་མི་དགོས་པར་བསྐྱོད་ཆོག་པ་ད་རིང་རེས་གཟའ་པ་སངས་ཉིན་གསལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་འདུག

དེ་ཡང་Kyodo News ཞེས་པའི་ཉི་ཧོང་གི་གསར་ལས་ཁང་གིས་ད་རིང་གནས་ཚུལ་སྤེལ་དོན་ལྟར་ན། ཉི་ཧོང་གི་མི་མང་ལ་རྒྱ་ནག་གཞུང་གིས་དམིགས་བསལ་མཐོང་མཆནལག་ཁྱེར་མི་དགོས་པར་རྒྱ་ནགག་ནང་བསྐྱོད་ཆོག་པའི་ཆག་ཡང་གཏོང་རྒྱུ་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དེ་ཡར་རྒྱས་གོང་འཕེལ་གཏོང་ཐབས་དང་། རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་པའི་ལས་དོན་འཕེལརྒྱས་གཏོང་ཐབས་ལ་དམིགས་ཡོད་པ་དང་་ཉི་ཧོང་ལ་དམིགས་བསལ་ཆག་ཡང་གཏོང་རྒྱུ་དེ་བཞིན་ད་ལོའི་ཕྱི་ཟླ་༡༡་ཚེས་༣༠་ཉིན་ནས་བཟུང་ལོ་རྗེས་མའི་ལོ་མཇུག་བར་གཏོང་རྒྱུ་ཡིན་ལུགས་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གིས་བརྗོད་པ་ལུང་འདྲེན་བྱས་འདུག 

དེ་སྔ་༢༠༢༠ལོར་ཏོག་དབྱིབས་ནད་ཡམས་སྐབས་ རྒྱ་ནག་གཞུང་ནས་འགྲིལ་འགྲུལ་གྱི་མཐོང་མཆན་བཀག་བསྡོམས་བྱས་ཡོད་པ་རེད་ ད་རེས་རྒྱ་ནག་གིས་ཉི་ཧོང་ལ་དུས་ཚོད་ཐུང་ངུའི་རིང་རྒྱ་ནག་ནང་མཐོང་ཆེན་ལག་ཁྱེར་མེད་པར་འགྲོ་བསྐྱོད་ཆོག་པའི་ཆག་ཡང་བཏང་བ་དེ་ནི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་དང་། མཚོ་གླིང་གི་རྒྱལ་ཁབ་ཁག དེ་བཞིན་ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་༣༠་ཙམ་གྱི་མི་སེར་ལ་མཐོང་མཆན་ལག་ཁྱེར་མི་དགོས་པར་རྒྱ་ནག་ནང་བསྐྱོད་ཆོག་པའི་ཆག་ཡང་བཏང་འདུག ཡང་དེ་ནི་ཉེ་དུས་ལྷོ་ཨ་མེ་རི་ཀའི་ནང་གི་རྒྱལ་ཁབ་Peru ནང་དུ་ཉི་ཧོང་གི་སྲིད་བློན་Singeru Ishiba དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་མཇལ་འཕྲད་སྐབས་ཡུལ་གྲུ་ཕན་ཚུན་གཉིས་ཀར་ཁེ་ཕན་ཡོད་པའི་འབྲེལ་ལམ་སྲ་བརྟན་དང་། མི་མང་དང་མི་མང་བར་འབྲེལ་ལམ་བཟང་དུ་གཏོང་ཐབས་ལ་མོས་མཐུན་བྱུང་བའི་ཆ་ཤས་ཤིག་ཡིན་འདུག ཕྱི་ལོ་༢༠༢༠་ནས་༢༠༢༣་བར་ཉི་ཧོང་གི་མི་མང་ཚོར་མཐོང་ཆེན་ལག་ཁྱེར་མེད་པར་ཉིན་གྲངས་༡༥་རིང་འགྲོ་བསྐྱོད་ཆོག་པའི་ཆག་ཡང་བཏང་ཡོད་ན་ཡང་། ཉི་ཧོང་ཕྱོགས་གིས་རྒྱ་ནག་གི་མི་མང་ཚོར་ཉི་ཧོང་ནང་ཡོང་རྒྱུར་དེ་འདྲའི་ཆག་ཡང་བཏང་ཡོད་པ་མ་རེད།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎