རྒྱ་ནག་གིས་དྲ་རྒྱའི་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་གཏོང་རྒྱུ།

རྒྱ་ནག་གི་དྲ་རྒྱའི་ལས་ཁུངས་ཆེ་ཁག་གི་འགོ་ཁྲིད་ཚོས་མ་འོངས་པར་དྲ་རྒྱའི་ཐོག་གནོད་གཞིའི་གནས་ཚུལ་རིགས་བཀག་འགོག་བྱ་འཆར།

2011.11.06

༄༅༎རྒྱ་ནག་གི་དྲ་རྒྱའི་ལས་ཁུངས་ཆེ་ཁག་གི་འགོ་ཁྲིད་ཚོས་མ་འོངས་པར་དྲ་རྒྱའི་ཐོག་གནོད་གཞིའི་གནས་ཚུལ་རིགས་བཀག་འགོག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
རེས་གཟའ་ཉི་མའི་ཉིན་ཕེ་རན་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང། ད་རེས་རེས་གཟའ་ཕུར་བུ་ནས་འགོ་བཙུགས་ཏེ་ཉིན་མ་གསུམ་རིང་རྒྱ་ནག་གི་དྲ་རྒྱའི་ལས་ཁུངས་ཁག་གི་འགོ་ཁྲིད་ཚོར་གཟབ་སྦྱོང་གི་ཚོགས་འདུ་ཞིག་ཚོགས་ཏེ། རེས་གཟའ་སྤེན་པའི་ཉིན་མཇུག་སྒྲིལ་བའི་རྗེས། རྒྱ་ནག་ནང་དུ་དྲ་རྒྱའི་ཐོག་རྒྱལ་ཁབ་ལ་གནོད་གཞིའི་གནས་ཚུལ་ཁྱབ་འཕེལ་གཏོང་རྒྱུ་བཀག་འགོག་བྱ་རྒྱུ་ཡིན་ཟེར་བཤད་ཡོད་ཅིང༌། ཐེངས་འདིའི་ཚོགས་འདུ་དེའི་ཐོག་རྒྱ་ནག་ནང་དུ་དར་གསོ་ཆེ་བའི་སྦའེ་དྲུ་(Baidu)དང། ཨ་ལི་སྦ་སྦ་(Alibaba)  སའེ་ན་(Sina)སོགས་དྲ་རྒྱའི་ཚོང་ལས་ཁང་ཁག་བཞི་བཅུ་ཙམ་གྱི་འགོ་ཁྲིད་མཉམ་ཞུགས་བྱས་ཡོད་པ་དང༌། ཚོགས་འདུ་དེ་ནི་རྒྱ་ནག་གཞུང་གི་དྲ་རྒྱའི་གནས་ཚུལ་མཁོ་འདོན་ལས་ཁང་གིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་རེད། ཚོགས་འདུའི་གྲོས་བསྡུར་བྱེད་པའི་སྐབས་གཙོ་བོ་དྲ་རྒྱ་དེ་དག་ཐོག་བཟང་ཕྱོགས་ཀྱི་གནས་ཚུལ་བཀོད་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང༌། གནོད་འཚེ་འགྲོ་བའི་གནས་ཚུལ་རིགས་བཀག་འགོག་གི་སྲུང་སྐྱོབ་ནན་པོ་བྱ་རྒྱུ། དྲ་རྒྱའི་ཚོང་ལས་ཁང་སོ་སོའི་སྒྲིལ་གཞི་ཁག་དང་འཛིན་སྐྱོང་གི་ལས་དོན་ནུས་པ་ཆེ་རུ་གཏོང་རྒྱུར་གཅིག་འགྱུར་གྱིས་མོས་མཐུན་བྱུང་ཡོད་པ་རེད། ལྷག་པར་དུ་དྲ་རྒྱའི་ཐོག་དཀྲོག་གཏམ་གྱི་གླེང་གཞིའི་གནས་ཚུལ་དང༌། ཁྲིམས་འགལ་གྱི་ཆགས་སྤྱོད་ཀྱི་དྲིལ་བསྒྲགས་རིགས། དྲ་རྒྱའི་ནང་གི་གནས་ཚུལ་རྐུ་འཁྱེར་བྱེད་པའི་བྱ་སྤྱོད། སྤྱི་ཚོགས་ལ་གནོད་གཞིའི་ཁྲིམས་འགལ་གྱི་གནས་ཚུལ་རིགས་བཀག་འགོག་ནན་པོ་བྱས་ཏེ། དྲ་རྒྱའི་ལས་དོན་བཟང་ཕྱོགས་སུ་གོང་འཕེལ་བཏང་སྟེ་དྲ་རྒྱ་སྤུས་ཚད་ལེགས་པོ་དང་ཡང་དག་པ་ཞིག་སྐྲུན་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎