རྒྱ་ནག་ནང་ཆར་ཆེན་མུ་མཐུད་འབབ་རྒྱུའི་སྔོན་བརྡ།
2010.07.25
༄༅༎རྒྱ་ནག་གི་གནམ་གཤིས་སྔོན་བརྡ་ལས་ཁང་གི་དཔོན་རིགས་ནས། རྒྱ་ནག་ནང་ཆར་ཤོད་ཀྱི་རྐྱེན་པས་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་སྟེ་ཁྱོན་མི་གྲངས་ཆིག་སྟོང་བརྒྱ་ཤི་བ་དང་རྙེད་སོན་མ་བྱུང་བའི་གོད་ཆགས་སྡུག་པོ་བྱུང་ཡུལ་དུ་ད་དུང་ཡང་དེ་རིང་ཆར་པ་མུ་མཐུད་འབབ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།
བར་ལམ་རྒྱ་ནག་ནང་ཆར་ཞོད་ཀྱི་རྐྱེན་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་བ་དེ་ནི་འདས་པའི་མི་ལོ་བཅུ་ཕྲག་གཅིག་ནང་བྱུང་མྱོང་མེད་པའི་གོད་ཆགས་ཆེན་པོ་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་ནང་མུ་མཐུད་དབྱར་དུས་ཀྱི་ཆར་ཞོད་དེས་རྐྱེན་པས་འབྲི་ཆུ་གཙང་པོ་ཉེན་ཁ་ཆེ་བའི་ཆུ་ཁ་མཐོ་རུ་འགྲོ་བཞིན་ཡོད་པ་དང༌། དེ་རིང་རྒྱ་ནག་རྒྱལ་ཡོངས་གནམ་གཤིས་ལས་ཁང་གིས། རྒྱ་ནག་ནང་ཆར་ཞོད་ཀྱིས་གནོད་འཚེ་སྡུག་ཤོས་བྱུང་ཡུལ་གཅིག་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཡིན་པ་དང༌། ཉེ་ཆར་ཞིང་ཆེན་དེའི་ནང་ནས་མི་གྲངས་འབུམ་གཅིག་ཁོང་ཚོའི་སྡོད་གནས་ནས་ས་གནས་གཞན་དུ་ཛ་དྲག་གི་ཉེན་ཡོལ་དུ་གནས་སྤོ་བྱས་པ་དང༌། ད་དུང་ཟིན་ཁྲོན་དང་དེའི་ཁྱིམ་མཚེས་ས་ཁུལ་ཡུན་ནན་དང། ཤར་ཕྱོགས་ཀྲེ་ཅང་ ཕུའུ་ཅན་སོགས་ནང་མུ་མཐུད་ཆར་པ་འབབ་རྒྱུའི་སྔོན་བརྡ་བཏང་ཡོད་པ་རེད།