རྒྱ་ནག་གིས་ཡོ་རོབ་རྒྱལ་ཁབ་ལ་ཉེན་བརྡ་བཏང་སྐོར།

༸གོང་ས་མཆོག་ཡོ་རོབ་རྒྱལ་ཁབ་ཁག་ནང་འཚམས་འདྲིར་ཕེབས་བཞིན་པ་དེར་རྒྱ་ནག་གཞུང་གིས་ཡོ་རོབ་རྒྱལ་ཁབ་ལ་དོ་ཕོག་འགྲོ་རྒྱུའི་ཉེན་བརྡ།

2009.06.02

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་ཁག་ནང་འཚམས་འདྲིར་ཕེབས་བཞིན་པ་དེར་ཡོ་རོབ་རྒྱལ་ཁབ་དེ་དག་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་ཚབས་ཆེའི་དོ་ཕོག་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ཉི་མའི་ཉིན་ཌེན་མཀ་ཀྱི་རྒྱལ་ས་ཁོ་པེན་ཧ་གེན་ནས་ཆིབས་བསྒྱུར་གྱིས་རེས་གཟའ་ཟླ་བའི་ཉིན་ཨའེ་སི་ལེནདྲ་དུ་ཞབས་སོར་འཁོད་ཡོད་ཅིང་དེ་ནས་ཧོ་ལེནདྲ་དུ་ཆིབས་བསྒྱུར་གྱིས་མཛད་འཆར་ཁག་ཡོད་པ་མ་ཟད་ཕྱི་ཚེས་དྲུག་ནས་བརྒྱད་བར་ཕེ་རན་སི་དུ་ཆིབས་བསྒྱུར་བསྐྱང་སྟེ་ཉིན་གསུམ་གྱི་མཛད་འཆར་དེའི་རིང་ལ་ཕེ་རན་སིའི་རྒྱལ་ས་པེ་རེ་སི་ཡིས་ཆེ་བསྟོད་ཀྱི་ཆབ་འབངས་ཀྱི་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུའི་མཛད་འཆར་ཁག་ཡོད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཌེན་མཀ་ཀྱི་རྒྱལ་ས་ཁོ་པེན་ཧ་གེན་དུ་འཚམས་འདྲིར་གནང་བའི་སྐབས་ཕེ་རན་སི་གསར་འགོད་པ་ད་རེས་ཌེན་མཀ་གཙོས་པའི་ཡོ་རོབ་ཁུལ་གྱི་མཛད་འཆར་རྣམས་གཙོ་བོ་ཆོས་ཕྱོགས་དང་ཤེས་ཡོན་ཁོ་ན་ཡིན་པ་ལས་ཆབ་སྲིད་གང་ཡང་མིན་ཞེས་བཀའ་གནང་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་ཡོ་རོབ་རྒྱལ་ཁབ་དེ་དག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུ་བ་ནི་མི་འགྲིགས་པ་ཞིག་ཡིན་པའི་ཉེན་བརྡ་བཏང་སྟེ་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས་གསར་འགོད་ལྷན་ཚོགས་ཐོག་ལ་རྒྱལ་ཁབ་གང་ཞིག་གིས་རྒྱ་ནག་ཕྱོགས་ནས་ངོས་ལེན་མི་བྱེད་པའི་གནད་དོན་དེའི་ཐོག་དོ་འཁུར་མེད་པའི་ལས་ཀ་བྱས་ཚེ་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་དང་ལྷག་པར་དུ་བྱ་སྤྱོད་དེ་ཡིས་རྒྱལ་ཁབ་དེ་དག་དང་རྒྱ་ནག་བར་གྱི་འབྲེལ་བར་ཚབས་ཆེའི་གནོད་འཚེ་འགྲོ་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་མེད་པ་རེད། ཡིན་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཌེན་མཀ་དུ་ཆིབས་བསྒྱུར་བསྐྱང་གནང་བའི་རིང་ཌེན་མཀ་ཀྱི་སྲིད་བློན་དང་དེ་མིན་གྱི་གནད་ཡོད་དཔོན་རིགས་མཐོ་གྲས་ཁག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད་པོའོ་ལེནདྲ་རྒྱལ་ས་ལྦར་སོའོ་ཡི་ཆེ་བསྟོད་ཀྱི་ཆབ་འབངས་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎