ཨ་མི་རི་ཀས་ཐའེ་ལྦན་ལ་མཚོན་ཆའི་རིགས་ཚོང་འགྲེམས་གནང་རྒྱུ།

ཨ་མི་རི་ཀས་ཐའེ་ལྦན་ལ་མཚོན་ཆའི་རིགས་ཚོང་འགྲེམས་གནང་རྒྱུའི་ཐག་གཅོད་དེར་ཐའེ་ལྦན་གཞུང་གིས་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད་

2008.10.05

༄༅༎ཨ་མི་རི་ཀས་ཐའེ་ལྦན་གྱི་སྲུང་སྐྱོབ་ལ་མཁོ་བའི་ཌོ་ལར་ཐེར་འབུམ་དྲུག་དང་གྲངས་ཆུང་ལྔ་ཙམ་གནད་པའི་ཚད་མཐོའི་སྤུས་ཚད་ལྡན་པའི་མཚོན་ཆའི་རིགས་ཚོང་འགྲེམས་གནང་རྒྱུའི་ཐག་གཅོད་དེར་ཐའེ་ལྦན་གཞུང་གིས་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད་

འོན་ཀྱང་ཨ་མི་རི་ཀའི་གཞུང་གི་སྲིད་བྱུས་དེར་རྒྱ་ནག་གཞུང་དང་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་ལ་དེ་ལ་ཁས་ལེན་ཞུ་གི་མིན་ཞེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོས་གཞུང་འབྲེལ་གཏམ་བཤད་ཅིག་ལྷན་ཁང་གི་དྲ་རྒྱའི་ཐོག་འགྲེམས་སྤེལ་བྱས་ཡོད་པ་དང་ཨ་མི་རི་ཀའི་གཞུང་གི་སྲིད་བྱུས་དེ་ཡིས་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་བར་གནོད་སྐྱོན་གཏང་གི་རེད་ཅེས་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་རོགས་ཧོ་ཡ་ཕེ་ཡིས་རྒྱ་ནག་ནང་གི་ཨ་མི་རི་ཀའི་གཞུང་ཚབ་ལས་ཁང་གི་ཆབ་སྲིད་ལས་བྱེད་པ་ཕྱི་སྲིད་ལྷན་ཁང་དུ་བཀའ་འགུགས་ཀྱིས་གཞུང་འབྲེལ་སྐྱོན་བརྗོད་ཞུས་ཡོད་ལུགས་ཀྱང་གནས་ཚུལ་ཐོན་ཡོད་པ་རེད་ ཐའེ་ལྦན་གྱི་སྲུང་སྐྱོབ་ཆེད་དུ་མཁོ་གནད་ཆེ་བའི་མཚོན་ཆའི་ཁོངས་ནས་དཔེར་ན་ཨ་པ་ཆི་ཟེར་བའི་ཐད་འཕུར་གནམ་གྲུ་དང་པེ་ཀྲོཡོཏ་ཟེར་བའི་མེ་ཤུགས་འཕུར་མདེལ་སོགས་ཚུད་པའི་ཚད་མཐོའི་མཚོན་ཆའི་རིགས་ཚོང་འགྲེམས་གནང་རྒྱུ་ཡིན་སྐོར་ཨ་མི་རི་ཀའི་སྲིད་འཛིན་གྱི་ལས་ཁུངས་ཀྱིས་ཉེ་ཆར་གཟའ་པ་སངས་ཉིན་གྲོས་ཚོགས་ལ་བརྡ་ཐོ་ཞིག་གཏོང་གནང་ཡོད་པ་དང་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཚོའི་ཁྲོད་ནས་ཉི་མ་སུམ་བརྒྱ་དགུའི་ནང་ཚུད་ལ་སྲིད་འཛིན་གྱི་ཐག་གཅོད་དེར་ཁས་ལེན་ཡོད་པའི་གྲོས་ཆོད་བཞག་ཚེ་མཚོན་ཆ་དེ་ཚོའི་རིགས་ཐའེ་ལྦན་ལ་དངོས་སུ་ཚོང་འགྲེམས་གནང་ཡག་འགོ་བཙུགས་གནང་གི་རེད་ཅེས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་གསུངས་ཡོད་པ་རེད་ རྒྱ་ནག་གིས་བཙན་འཛུལ་བྱས་པའི་ཉེན་ཁ་ལས་ཐའེ་ལྦན་གྱིས་སོ་སོ་སྐྱོབ་ཐུབ་པའི་ཆེད་དུ་ཨ་མི་རི་ཀས་ཁྲིམས་མཐུན་དགོས་དབང་གཞིར་བཟུང་ཐའེ་ལྦན་ལ་མཚོན་ཆ་འཚོང་དགོས་ཀྱི་ཡོད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎