རྒྱ་ནག་གི་བྱེད་སྟངས་ལ་ཐེ་ཝན་གྱིས་སྐྱོན་བརྗོད་བྱས་འདུག


2018.04.19
ཐེ་ཝན་གྱི་དམག་དོན་སྦྱོང་བརྡར་ཐོག་ཡུལ་དེའི་སྲིད་འཛིན་(Tsai Ing-wen)གྱིས་གཟིགས་ཞིབ་གནང་བཞིན་པ། ༢༠༡༨།༤།༡༣ ཐེ་ཝན་གྱི་དམག་དོན་སྦྱོང་བརྡར་ཐོག་ཡུལ་དེའི་སྲིད་འཛིན་(Tsai Ing-wen)གྱིས་གཟིགས་ཞིབ་གནང་བཞིན་པ། ༢༠༡༨།༤།༡༣
AP

རྒྱ་ནག་གིས་ཐེ་ཝན་ལ་ཉེན་བརྡ་དང་དམག་སྦྱོང་བྱས་བའི་བྱེད་སྟངས་ལ་ཐེ་ཝན་གྱིས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གིས་ཐེ་ཝན་ལ་ཚོད་ཟིམ་དགོས་པའི་ཉེན་བརྡ་བཏང་བའི་རྗེས་སུ་འབར་མདེལ་ངོ་མ་ཅན་གྱི་མེ་ཤུགས་འཕུར་མདེལ་འཕེན་ནས་དམག་གི་སྦྱོང་བརྡར་བྱས་ཡོད་པ་རེད། ཐེ་ཝན་དང་ཉེ་སའི་རྒྱ་ནག་གི་ལྷོ་ཤར་གྱི་མཚོ་རྒྱུད་ནས་མཚོ་འགག་གཉིས་ཀྱི་ས་ཁུལ་དུ་རྒྱ་ནག་གི་དམག་གིས་ཐད་འཕུར་གནམ་གྲུ་ནས་མེ་ཤུགས་འཕུར་མདེལ་འཕེན་ནས་དམག་གི་སྦྱོང་བརྡར་བྱས་ཡོད་པ་དང༌། ད་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ནང་རྒྱ་ནག་གི་དམག་གི་སྦྱོང་བརྡར་བྱེད་རྒྱུ་འདི་ནི་ཐེ་ཝན་གྱི་འགོ་ཁྲིད་ཚོས་ཐེ་ཝན་རང་བཙན་གྱི་ཕྱོགས་སུ་བསྐྱོད་བཞིན་པར་ཐད་ཀར་བརྡ་ལན་གྱི་ཚུལ་དུ་ཡིན་ལུགས་དྲིལ་བསྒྲགས་བྱས་ཡོད་པ་རེད།
ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གིས་མཁའ་དམག་དཔུང་སྡེའི་སྦྱོང་བརྡར་དེ་ནི་ཐེ་ཝན་ལ་འཇིགས་བསྐུལ་བྱེད་པར་དམིགས་པའི་གཞི་རྒྱ་ཆེན་པོ་མིན་པའི་རྣམ་ཀུན་གྱི་བྱེད་ཕྱོགས་ཤིག་རེད་ཅེས་དང་། ང་ཚོའི་ཆོད་སེམས་ནི་དྲག་སྤྱོད་ཀྱི་ལམ་ནས་འཇིགས་བསྐུལ་དེ་རིགས་ལ་ནམ་ལ་མགོ་མོ་མི་སྒུར་བའི་ཐོག་མངའ་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎