ཨ་རིའི་སྐུ་ཚབ་༸གོང་ས་མཆོག་མཇལ་བར་རྒྱ་ནག་གིས་ངོ་རྒོལ།

ཨ་མི་རི་ཀའི་སྲིད་འཛིན་གྱི་ལས་ཁུངས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་༸གོང་ས་མཆོག་མཇལ་འཕྲད་ཞུས་པ་དེར་རྒྱ་ནག་གཞུང་ནས་ངོ་རྒོལ།

2009.09.15

༄༅༎ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བཱ་རཀ་ཨོ་བཱ་མ་མཆོག་གི་སློབ་སྟོན་པས་དབུ་ཁྲིད་པའི་ཨ་མི་རི་ཀའི་སྲིད་འཛིན་གྱི་ལས་ཁུངས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཏེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ་དེར་རྒྱ་ནག་གཞུང་ནས་ངོ་རྒོལ་གྱི་སྐྱོན་བརྗོད་བྱས་ཡོད་པ་རེད།

དེ་ཡང་ཕེ་རན་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང་རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཨ་མི་རི་ཀའི་སྲིད་འཛིན་ཨོ་བཱ་མ་མཆོག་གི་སློབ་སྟོན་པ་ལྕམ་ལྦེ་ལེ་རི་ཇ་རེཏ་མཆོག་དབུས་པའི་ཕོ་བྲང་དཀར་པོའི་སྐུ་ཚབ་གསུམ་གྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ་མ་ཟད་སྲིད་འཛིན་ཨོ་བཱ་མ་མཆོག་ནས་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་ཆོས་དང་སྐད་ཡིག་ རིག་གཞུང་ འགྲོ་བ་མིའི་ཐོབ་ཐང་དང་སྤྱི་དམངས་ཀྱི་རང་དབང་ཐོག་ལ་རྒྱབ་སྐྱོར་གནང་གི་ཡོད་པ་བསྐྱར་ཏུ་ནན་བརྗོད་གནང་བ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་ཨ་མི་རི་ཀའི་ཕྱོགས་ནས་ཕྱག་རོགས་གནང་ཕྱོགས་ག་རེ་ཡོད་མེད་སྐོར་དང་དམིགས་བསལ་ཨ་མི་རི་ཀའི་སྲིད་འཛིན་ཨོ་བཱ་མ་མཆོག་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་ཏུ་ཐེངས་དང་པོ་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་གནད་དོན་ཐད་བཀའ་བསྡུར་གནང་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད། དེར་བརྟེན་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅཱང་ཡུས་གསར་འགོད་ལྷན་ཚོགས་ཐོག་བཤད་དོན་ལ་ཕྱི་རྒྱལ་གྱི་དཔོན་རིགས་གང་ཞིག་གིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱེད་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་ལྷག་པར་དུ་༸གོང་ས་མཆོག་གིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དགོས་པའི་དགོས་འདུན་བཏོན་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་ཕྱོགས་ནས་ད་རེས་ཀྱི་མཇལ་འཕྲད་དེ་ནི་བོད་རང་བཙན་འཚོལ་ཐབས་ཀྱི་ཁ་བྲལ་གྱི་བྱ་སྤྱོད་ཅིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་ཕྱོགས་ནས་བོད་དང་འབྲེལ་བའི་གནད་དོན་ལ་ངོ་རྒོལ་ཡོད་པ་གསལ་པོ་ཡིན་ཞིང་ཏཱ་ལའི་བླ་མས་རྒྱལ་ཁབ་གང་རུང་ནང་དུ་ཁ་བྲལ་གྱི་ལས་འགུལ་ནང་ཐེ་ཇུས་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་དང་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཕྱིའི་རྒྱལ་ཁབ་ཀྱི་གནོན་ཤུགས་སྤྲོད་ཐབས་ཀྱི་ཐེ་ཇུས་བྱེད་རྒྱུར་ཡང་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎