ཨ་རྒྱ་གཉིས་ཀྱི་འབྲེལ་བར་ཤུཊ་རྐྱེན་མེད་པར་རྒྱུན་ལྡན་ཡིན་འདུག


2014.02.26
༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་ཡོད་པ། ༢༠༡༤།༢།༢༡ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས།
ཕོ་བྲང་དཀར་པོ།

ཨ་རིའི་སྲིད་འཛིན་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྗེས་ཨ་རྒྱ་གཉིས་ཀྱི་འབྲེལ་བར་ཤུཊ་རྐྱེན་མེད་པར་རྒྱུན་ལྡན་ཡིན་འདུག
དེ་ཡང་ཚེས༢༦ཉིན་ཧྥ་རན་སི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་མུ་མཐུད་གནང་བར་རྒྱ་ནག་གཞུང་གིས་མི་དགའ་པའི་རྣམ་འགྱུར་དང་། སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཀྱང་ཡུལ་གྲུ་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ནང་ཕུགས་ཀྱི་ཤུགས་རྐྱེན་དེ་ཙམ་མེད་པར་རྒྱུན་ལྡན་ཡིན་པ་རེད་འདུག གནས་ཚུལ་ནང་། ༢༠༠༩ལོར་བོད་མིའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་སར་ཆིབས་བསྒྱུར་བསྐྱངས་སྐབས་སྲིད་འཛིན་Obama མཆོག་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་གནས་བབ་ལ་བསྟུན་མཁས་ཀྱིས་༧གོང་ས་མཆོག་སྲིད་འཛིན་གྱི་ཕོ་བྲང་དུ་གདན་ཞུ་གནང་མེད་པ་རེད། ཡིན་ནའང་དེ་ནས་བཟུང་ཉེ་སྔོན་༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཞབས་སོར་འཁོད་སྐབས་སྲིད་འཛིན་Obama མཆོག་ནས་སྲིད་འཛིན་གྱི་ཕོ་བྲང་ནང་། ༧གོང་ས་མཆོག་དང་མཇལ་འཕྲད་ཐེངས་གསུམ་པ་དེ་གནང་ཡོད་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གཞུང་ལ་ཕོག་ཐུག་གི་གནད་དོན་རིགས་ལ་གཡོལ་ཐབས་མ་གནང་པའི་རྣམ་པ་གསར་པ་ཞིག་ཡིན་པའི་སྐོར་གནས་ཚུལ་དབྱེ་ཞིབ་པ་ཁག་གིས་གཟིགས་ཀྱི་ཡོད་འདུག བདུན་ཕྲག་སྔོན་མ་སྲིད་འཛིན་Obama མཆོག་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མ་གནང་གོང་རྒྱ་ནག་གཞུང་ནས་མཇལ་འཕྲད་ཕྱིར་འཐེན་བྱེད་དགོས་ལུགས་བརྗོད་པ་དང་། ཡང་དངོས་སུ་མཇལ་འཕྲད་གྲུབ་མཚམས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་བབ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་ལུགས་སོགས་བརྗོད་ཡོད་པ་རེད། དོན་དངོས་སུ་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་ནས་རྒྱ་ནག་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པའི་ཨ་རིའི་སྤྱི་ཁྱབ་དམག་སྤྱི་ལྷན་དུ་གཞུང་འབྲེལ་མཇལ་འཕྲད་གནང་སྟེ་ ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་བབ་ལ་འགྱུར་ལྡོག་ཕྱིན་མེད་པ་གསལ་འདོན་བྱས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎