ནང་སོག་གི་རང་བཙན་རྩོད་ལེན་པ་ཧ་དྭ་བསྐྱར་དུ་འཛིན་བཟུང༌།

རྒྱ་ནག་གཞུང་གིས་ནང་སོག་གི་རང་བཙན་འཐབ་རྩོད་པ་ཧ་དྭ་བསྐྱར་དུ་འཛིན་བཟུང་བྱས་པ་ད་ཆ་གར་ཡོད་རྩད་གཅོད་གནང་བཞིན་འདུག

2011.01.10

༄༅༎དེ་རིང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་ཟླ་བ་གཅིག་གོང་རྒྱ་མིའི་བཙོན་འཇུག་དོ་དམ་འོག་ནས་གློད་བཀྲོལ་བཏང་བའི་ནང་སོག་གི་རང་བཙན་འཐབ་རྩོད་པ་ཧ་དྭ་བསྐྱར་དུ་འཛིན་བཟུང་བྱས་པ་ད་ཆ་གར་ཡོད་རྩད་གཅོད་གནང་འདུག།

ཧ་ད་ལོ་༡༥རྗེས་བཙོན་ཁང་ནས་གློད་བཀྲོལ་བཏང་བའི་ཉིན་མོ་ཕྱི་ཟླ་༡༢པའི་ཚེས་༡༠ནས་བཟུང་ཧ་ད་དང་ཁོང་གི་བཟའ་ཟླ་ ཤི་ཎ། བུ་ཡུ་ལེསི་བཅས་གསུམ་ད་ཆ་གར་ཡོད་སུས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་གནང་བའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་ཁོང་གསུམ་རང་དབང་གློད་བཀྲོལ་གཏོང་དགོས་རྒྱུའི་འབོད་སྐུལ་གནང་བཞག། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཧ་ད་གློད་བཀྲོལ་དང་འབྲེལ་བའི་སྤྱི་བསྒྲགས་ཤིག་སྤེལ་གནང་ཡོད་པ་དང་སྤྱི་བསྒྲགས་དེའི་ནང༌རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་གིས་ཧ་ད་ནང་ཚང་གསུམ་པོ་བཙན་ཤེད་ཀྱི་སྒོ་ནས་མང་ཚོགས་ཁྲོད་མཐོང་རྒྱུ་མེད་པ་བཟོས་ཡོད་པའི་དངངས་འཚབ་གནང་བཞག།

ནང་སོག་དེ་བཞིན་ཕྱི་སོག་དང་མི་འདྲ་བར་རྒྱ་ནག་གི་དབང་འོག་ཡོད་སྟབས། མངའ་ཁུལ་དེའི་ནང་རྒྱ་ནག་གཞུང་ལ་གྱེན་ལོག་བྱས་པའི་ཁ་བྲལ་ལས་འགུལ་སྤེལ་བའི་གནས་ཚུལ་ཡོང་གི་མེད་ནའང༌། ཉེ་བའི་ལོ་ཤས་ནང་བོད་དང་ཤར་ཏུར་ཀིསི་ཐན་གཉིས་ནང་རྒྱ་གཞུང་ལ་མི་དགའ་བའི་མི་མང་གྱེན་ལངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དེའི་རིགས་ནང་སོག་ལའང་ཁྱབ་མི་ཡོང་སྙམ་པའི་བློ་འཚབ་རྒྱ་ནག་གཞུང་ལ་ཡོང་གི་ཡོད་པ་རེད།

སོག་པོ་ ཧ་ད་ཡིས་ ནང་སོག་ལ་རྒྱ་ནག་མངའ་འོག་ནས་རང་བཙན་འཐོབ་རྒྱུའི་རྩོད་ལེན་བྱས་ཡོད་པར་བརྟེན། ༡༩༩༦ལོར་རྒྱ་གཞུང་གིས་ ཧ་ད་ཐོག་ཁ་བྲལ་རིང་ལུགས་དང་གསོ་མྱུལ་གྱི་བྱ་སྤྱོད་སྤེལ་བའི་མ་ཉེས་ཁ་གཡོག་བཙུགས་ཏེ་ལོ་༡༥རིང་བཙོན་འཇུག་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎