རྒྱ་ནག་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་གསར་པ།
2017.10.25

༄༅༎རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཚང་འཛོམས་ཚོགས་ཆེན་ཐེངས་དང་པོ་སྤྱི་ཚེས་༢༥ཉིན་པེ་ཅིན་ནས་འཚོགས་ཏེ་སྐབས་གསར་བའི་རྒྱ་ནག་དབུས་གཞུང་གི་དབང་ཆ་ཆེ་ཤོས་ཀྱི་རྒྱུན་ལས་དཔོན་རིགས་ཚོའི་མི་སྣ་རྣམས་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་དག་ནི་སྔོན་མའི་དབུས་ཆབ་སྲིད་རྒྱུན་ལས་རྙིང་པའི་ཁོངས་ནས་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁི་ཆང་གཉིས་རང་འཇགས་ལས་དེ་མིན་ལྔ་པོ་དེ་རྣམས་གསར་པ་ཡིན་ཞིང་།
གནད་དོན་དབྱེ་ཞིབ་པས། ད་རེས་རྒྱ་ནག་གི་དབང་ཆ་ཆེས་ཆེ་ཤོས་མི་སྣ་རྙིང་པ་ཞིས་ཅིན་ཕིང་དང་ལི་ཁེ་ཆང།་དེ་མིན་གྱི་རྒྱུན་ལས་གསར་པ་ལྔ་ནི་ལོ་༦༧ ཡིན་པའི་ལི་ཀྲན་ཧྲུའུ་དང་།དཔལ་འབྱོར་མཁས་པ་ཝང་ཡཱང་།ཝང་ཧུའུ་ཉིན།ཀྲོ་ལི་ཅི། ཧན་ཀྲང་བཅས་མི་བདུན་པོ་དེ་དག ལོ་དྲུག་ཅུའི་ནང་ཟིན་པ་ཤ་སྟག་ཡིན་པར་བལྟས་ན་ཞིས་ཅིན་ཕེན་གྱིས་རང་ཉིད་ཀྱི་ཤུལ་འཛིན་པ་འཇོག་རྒྱུའི་འདོད་པ་མེད་པ་གསལ་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དེ་བཞིན་ལོ་༦༤ཡིན་པའི་ཞིས་ཅིན་ཕེན་གྱིས་ཚོགས་ཆེན་གྱི་དབང་ཆ་བཟུང་ནས་རང་ཉིད་ཀྱི་མིང་དང་གཞུང་ལུགས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞིའི་ནང་བཀོད་པའི་གནད་དོན་དེ་ཡིས་།་མ་འོངས་སྤྱི་ལོ་༢༠༢༢ལོ་རྗེས་ནས་ཞིས་ཅིན་ཕིང་གིས་མུ་མཐུད་སྲིད་དབང་འཛིན་རྒྱུའི་འདོད་མོས་ཤིག་མཚོན་གྱི་ཡོད་པའི་སྐོར་དང་། དེ་མིན་དབང་ཆ་ཁྱབ་རྒྱ་ཆེ་ཤོས་ཀྱི་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགོ་ཁྲིད་དེ་སྔོན་དབུས་རྩ་འཛུགས་ལྷན་ཁང་གི་བློན་ཆེན་ཀྲོ་ལི་ཅི་ནས་འཁུར་རྒྱུ་དང་།དེ་ནི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ལ་སྣེ་ཁྲིད་བྱེད་མཁན་ལས་ཁུངས་ཤིག་ཡིན་པ་དང་།་དེ་སྔོན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགོ་ཁྲིད་ཝང་ཆི་ཧྲན་གྱི་ནང་མིས་ལྐོག་ཟ་རུལ་སུངས་བྱས་པའི་གནས་ཚུལ་ཕྱི་ཕྱོགས་ནས་མང་པོ་ཐོན་པ་དེས་།་ད་རེས་ཁོང་འགོ་ཁྲིད་ཀྱི་གྲས་སུ་འགྲོ་ཐུབ་མེད་པ་ཕྱི་ལོག་གི་གསར་འགྱུར་བརྒྱུད་ལམ་གྱིས་ཚོད་དཔག་དང་གཅིག་མཐུན་བྱུང་ཡོད་པ་རེད།གསར་འགོད་པ་ཉི་མ་གཡུ་སྒྲོན།