ཞི་ཅིན་ཕིན་གྱིས་གློ་བུར་དབྱིན་ཡུལ་གྱི་སྲིད་བློན་དང་མཇལ་འཕྲད་ཕྱིར་འཐེན་བྱས་ཡོད་འདུག

2022.11.16
ཞི་ཅིན་ཕིན་གྱིས་གློ་བུར་དབྱིན་ཡུལ་གྱི་སྲིད་བློན་དང་མཇལ་འཕྲད་ཕྱིར་འཐེན་བྱས་ཡོད་འདུག དབྱིན་ཡུལ་གྱི་སྲིད་བློན་(Rishi Sunak)་འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་སྒྲིག་འཛུགས་(G20)་ཀྱི་ལྷན་ཚོགས་ཐོག ༡༡།༡༦།༢༠༢༢
REUTERS

དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་གྱི་སྲིད་བློན་(Rishi Sunak)་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་(Indonesia)་ནང་ཚོགས་བཞིན་པའི་འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་སྒྲིག་འཛུགས་(G20)་ཀྱི་ལྷན་ཚོགས་ཀྱི་ཞོར་དུ་མཇལ་མོལ་གནང་རྒྱུའི་འཆར་གཞི་ཡོད་ཀྱང་། ཞི་ཅིན་ཕིན་གྱིས་དུས་ཁོམ་མེད་པའི་རྒྱུ་མཚན་བཤད་ནས་མཇལ་མོལ་དེ་ཕྱིར་འཐེན་བྱས་ལུགས་དབྱིན་ཡུལ་གྱི་སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་འདུག
གནས་ཚུལ་ནང་གསལ་བར། མཇལ་འཛོམས་ཕྱིར་འཐེན་བྱས་པ་དེ་ཡུཀ་རེན་དང་ས་མཚམས་(Poland)་རྒྱལ་ཁབ་ཀྱི་མཐའ་མཚམས་སུ་མེ་ཤུགས་འཕུར་མདེལ་བརྒྱབ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན་པའི་རྒྱུ་མཚན་དང་། འདས་པའི་ལོ་ཤས་ནས་བཟུང་དབྱིན་ཡུལ་དང་རྒྱ་ནག་བར་གྱི་འབྲེལ་བ་ཉམས་ཉེས་སུ་འགྲོ་བཞིན་ཡོད་པ་རེད། དེ་ཡང་རྒྱ་ནག་གིས་དབྱིན་ཡུལ་ནང་མ་འཛུགས་ཀྱི་ལས་དོན་བརྒྱུད་དབྱིན་ཡུལ་གྱི་བདེ་འཇགས་ལ་ཉེན་ཚབས་ཇི་ལྟར་བཟོ་བཞིན་པ་དང་། དེ་བཞིན་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་བཅས་ལ་དབྱིན་ཡུལ་གྱིས་བློ་ཚབས་དང་བཅས་དགག་རྒྱག་དང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
དབྱིན་ཡུལ་གྱི་སྲིད་བློན་ལས་ཁུངས་ཀྱིས། སྲིད་བློན་(Rishi Sunak)་མཆོག་ནས་རྒྱ་ནག་གི་སྲིད་འཛིན་(Xi Jinping)་དང་མཇལ་མོལ་མ་གནང་བའི་གོང་དུ་སྤེལ་བའི་སྤྱི་བསྒྲགས་ནང་། དབྱིན་ཡུལ་དང་རྒྱ་ནག་གཉིས་ནི་གཞི་རྩའི་ལྟ་གྲུབ་ཀྱི་ཐོག་ནས་ཐ་དད་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་སྲིད་དབང་གཅིག་བསྡུས་ཀྱི་ལམ་ལུགས་དེ་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲལ་ཕུགས་གང་གི་ཐོག་ནས་ཉེན་ཚབས་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པ་གསལ་འདོན་གནང་ཡོད་པ་རེད།
ཨིན་ཌོ་ནི་ཤེ་ཡར་(Indonesia)་ཚོགས་བཞིན་པའི་རྒྱལ་ཁབ་༢༠འི་ལྷན་ཚོགས་ཐོག གོ་ལ་སྤྱི་ཡོངས་ཀྱི་དཔལ་འབྱོར་དང་། ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་དམག་འཁྲུག་གི་རྐྱེན་པས་འཛམ་གླིང་ཐོག་བཟའ་འབྲུ་དང་ནུས་ཤུགས་ཀྱི་དཀའ་ངལ་འཕྲད་བཞིན་པ། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་བཅས་པའི་ཐོག་གྲོས་བསྡུར་བགྲོ་གླེང་གཙོ་བོ་གནང་རྒྱུ་ཡིན་འདུག
དབྱིན་ཡུལ་གྱི་སྲིད་བློན་ལས་ཁུངས་ནས། གནད་དོན་དེ་དག་ཐོག་རྒྱ་ནག་ཐེ་བའི་འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་རྒྱལ་ཁབ་ཚང་མས་འགན་འཁུར་ལེན་དགོས་པ་གསལ་འདོན་གནང་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Mao Ning)་ཡིས། སྲིད་འཛིན་ཞི་ཅིན་ཕིན་གྱིས་དབྱིན་ཡུལ་གྱི་སྲིད་བློན་དང་མཇལ་འཕྲད་ཕྱིར་འཐེན་གནང་པའི་གནད་དོན་ཐད་གསལ་བཤད་གང་ཡང་བྱས་མེད་པ་རེད་འདུག


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎