རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བཀའ་མོལ་གནང་རྒྱུ།

ཁ་བྲལ་དང་ཨོ་ལིམ་པིཀས྄་རྩེད་འགྲན་ལ་འགོག་རྐྱེན་བཟོ་རྒྱུའི་ལས་འགུལ་སོགས་མཚམས་འཇོག་བྱས་ནས་མ་འོངས་གྲོས་མོལ་གྱི་ཆ་རྐྱེན་སྐྲུན་དགོས་པའི་རེ་བ་བཏོན་པ།

2008.04.25

༄༅༎ཕྱི་ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས་ཀྱི་ཉིན་རྒྱ་ནག་གཞུང་གི་ཤིང་ཧྭ་གསར་འགྱུར་བརྒྱུད་ལམ་དང་རྒྱལ་ཡོངས་བརྙན་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱོགས་གཉིས་དབར་གྲོས་མོལ་སླར་གསོ་དགོས་པའི་དགོས་འདུན་ཐེངས་མང་བཏོན་པར་བསམ་ཞིབ་ཀྱིས་རྒྱ་ནག་གི་འབྲེལ་ཡོད་ལས་ཁང་གི་ནེ་བའི་ནང་༸གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུར་ཡིན་པ་འཁོད་ཡོད་པ་རེད། རྒྱ་ནག་གཞུང་ནས་༸གོང་ས་མཆོག་ནས་དོན་དངོས་ཐོག་རྒྱལ་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་དགོས་པ་དང༌། པེ་ཅིང་ཨོ་ལིམ་པིཀས྄་རྩེད་འགྲན་ལ་འགོག་རྐྱེན་མི་བཟོ་རྒྱུའི་ལས་འགུལ་མཚམས་འཇོག་གནང་ནས་མ་འོངས་གྲོས་མོལ་མུ་མཐུད་ཡོང་རྒྱུར་ཆ་རྐྱེན་སྐྲུན་དགོས་སྐོར་ཡང་འཁོད་ཡོད་པ་རེད། འཛམ་གླིང་གི་དབུ་ཁྲིད་ཁག་ཅིག་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་དེ་ལ་དགའ་བསུ་ཞུས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎