རྒྱ་ནག་ཏུ་དུག་སྨན་རྒྱབ་ནས་སྲོག་ཁྲིམས་གཅོད་འཆར།

རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བཙོན་པ་དུག་སྨན་ཁབ་རྒྱབ་ཏེ་སྲོག་ཐོག་གཏོང་བའི་ཁྲིམས་ལུགས་གསར་པ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ།

2009.06.16

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བཙོན་པ་སྲོག་ཐོག་གཏོང་བའི་སྐབས་མེ་མདའ་རྒྱབ་ནས་གསོད་པའི་དེ་སྔའི་ལམ་ལུགས་མེད་པ་བཟོས་ཏེ་དུག་སྨན་ཁབ་རྒྱབ་ཏེ་སྲོག་ཐོག་གཏོང་བའི་ཁྲིམས་ལུགས་གསར་པ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་རྒྱ་ནག་གི་ཁྲིམས་ལུགས་དཔོན་རིགས་ཤིག་གིས་བཤད་ཡོད་པ་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་རིང་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གི་དཔོན་རིགས་ཧུ་ཡུན་ཐེང་ཡིས་བཤད་དོན་བྱས་ན་དུག་སྨན་གྱི་ཁབ་རྒྱབ་ཏེ་སྲོག་ཐོག་གཏོང་རྒྱུ་དེ་ནི་ཧ་ཅང་གི་སྟབས་བདེ་བ་དང་གཙང་མ་ཉེན་ཁ་མེད་པ་དང་ཐབས་ལམ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་འདི་ལོའི་ལོ་མཇུག་ནང་ཚུད་ལག་བསྟར་བྱ་རྒྱུ་ཡིན་ཞིང་དེ་རྗེས་རྒྱ་ནག་རྒྱལ་ཡོངས་སུ་རིམ་པས་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་ཅེས་དང་དུག་སྨན་ཁབ་རྒྱབ་ཏེ་སྲོག་ཐོག་གཏོང་བའི་བྱ་ཐབས་དེ་ནི་ཉེས་ཅན་པར་ནག་ཉེས་ཐག་གཅོད་བྱེད་པའི་ཐབས་ལམ་དར་ཁྱབ་ཆེ་ཤོས་ཞིག་ཡིན་པ་དེ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པ་བཞིན་ངེས་པར་དུ་རྒྱ་ནག་ཕྱོགས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་བྱ་ཐབས་དེ་རྒྱ་ནག་རྒྱལ་ཡོངས་སུ་ལག་བསྟར་བྱ་རྒྱུ་ཡིན་ཡང་འགྲོ་གྲོན་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིསདུས་ཚོད་རིང་པོ་འགོར་གཞི་ཡོད་པའི་དམིགས་ཡུལ་ཞིག་ཡིན་པའི་སྐོར་དང་རྩ་བའི་དུག་སྨན་ཁབ་རྒྱབ་ཏེ་སྲོག་ཐོག་གཏོང་བའི་བྱ་ཐབས་དེ་རྒྱ་ནག་ནང་ཕྱི་ལོ་༡༩༩༧ལོར་ལག་བསྟར་བྱ་ཆོག་པའི་ཁྲིམས་མཐུན་ཅན་དུ་གྱུར་ཏེ་ཕྱི་ལོ་༡༩༩༨ལོར་ཐེངས་དང་པོ་རྒྱ་ནག་གི་ཡུ་ནན་ཞིང་ཆེན་ནང་ལག་བསྟར་བྱས་ཡོད་ཅིང་ཕྱི་ལོ་ཉིས་སྟོང་ལོར་རྒྱལ་ས་པེ་ཅིང་ནང་བྱ་ཐབས་དེ་བཙོན་པ་ཁག་ཅིག་ལ་ལག་བསྟར་བྱས་ཡོད་ཀྱང་གཞི་རྒྱ་ཆེ་བའི་ལག་བསྟར་བྱས་མེད་པ་རེད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གསུངས་པར་གཞིགས་ན་རྒྱ་ནག་ནི་འཛམ་གླིང་ནང་བཙོན་པ་སྲོག་ཐོག་གཏོང་མཁན་གྲངས་ཀ་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་ན་ནིང་ཁོ་ནར་ཉུང་མཐར་ཡང་བཙོན་པ་བདུན་སྟོང་ལ་སྲོག་ཐོག་གི་ཉེས་ཆད་བཏ་བ་དང་བཙོན་པ་ཆིག་སྟོང་བདུན་བརྒྱ་ལྷག་དངོས་སུ་སྲོག་ཐོག་བཏང་ཡོད་པའི་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎