ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་མཁན་ལ་ཉེས་ཆད་ཚ་ནན་འགེལ་རྒྱུ།


2014.11.05
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo
དྲ་བཤུས

བོད་ནང་བོད་རིགས་ལས་བྱེད་ཁྲོད་ནས་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་མཁན་རིགས་ལ་ཉེས་ཆད་ཚ་ནན་འགེལ་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་གིས་ཐ་ཚིག་བཏང་འདུག
དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguoཡིས། རེས་གཟའ་ལྷག་པའི་ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པའི་སར་བོད་ནང་ཁ་བྲལ་གྱི་ལས་འགུལ་རིགས་ལ་གདོང་ལེན་ཁ་གཏད་དང་། ལས་འགུལ་དེ་རིགས་རྩ་མེད་བཟོ་ཆེད་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་མཁན་རིགས་སུ་གྱུར་བར་ ཉེས་ཆད་ཚ་ནན་འགེལ་རྒྱུ་ཡིན་པ་བརྗོད་ལུགས་བོད་ལྗོངས་ཉིན་རེའི་གསར་ཤོག་གི་གནས་ཚུལ་སྤེལ་འདུག གནས་ཚུལ་ནང་གསལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo་ཡིས་བོད་ནང་བོད་རིགས་ལས་བྱེད་པ་དང་ དམར་ཤོག་ཚོགས་པའི་ཚོགས་མི་གྲས་ཀྱི་བོད་རིགས་ཡོངས་ནས་མེས་རྒྱལ་གཅིག་སྒྲིལ་ལ་སྲུང་སྐྱོབ་ཀྱི་ཡིད་ཟབ་བྱེད་དགོས་ལུགས་དང་། གལ་ཏེ་ལས་བྱེད་དང་ཏང་གི་ཚོགས་མིའི་ཁྲོད་དུ་ ཏཱ་ལའི་བླ་མར་དད་གུས་ཀྱི་བསམ་བློ་ཡོད་པ་དང་། ཡང་ན་ཏཱ་བླའི་རུ་ཚོགས་ལ་རྒྱབ་སྐྱོར་བྱས་པ། དེ་བཞིན་གསང་པ་ཕྱིར་གྱར་བྱས་པ་སོགས་ཁ་བྲལ་གྱི་ལས་འགུལ་ལ་མཐུན་སྦྱོར་བྱེད་པའི་ལས་འགུལ་རིགས་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ཚབས་ཆེའི་ཉེས་ཆད་འགེལ་རྒྱུ་ཡིན་སྐོར་ཐ་ཚིག་བཏང་འདུག བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ Chenགིས་གཏམ་བཤད་འདི་བཞིན་ཉེ་སྔོན་ལྐོག་ཟ་རུལ་སུངས་ལ་རྟོགས་ཞིབ་བྱེད་མཁན་དམར་ཤོག་ཚོགས་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ནས་བོད་ནང་སྤྱི་ཚོགས་བརྟན་ལྷིང་སྲུང་བྱའི་སླད་ཁ་བྲལ་རིང་ལུགས་ལ་གདོང་ལེན་ཁ་གཏད་གཅོག་གལ་ཆེ་བའི་སྐོར་སྙན་ཐོ་འདོན་སྤེལ་བྱས་པའི་རྗེས་ད་རེས་ཀྱི་གཏམ་བཤད་དེ་སྤེལ་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎