རྒྱ་ནག་གཞུང་གིས་མེ་འཁོར་འཛུགས་སྐྲུན་རྒྱ་ཆེར་གཏོང་འཆར།

རྒྱ་ནག་གཞུང་གིས་མེ་འཁོར་འཛུགས་སྐྲུན་ཆེད་ཨ་སྒོར་ཐེར་འབུམ་སུམ་བརྒྱ་སྐོར་འགྲོ་གྲོན་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་སླར་གསོ་བྱ་འཆར།

2008.10.25

༄༅༎རྒྱ་ནག་གཞུང་གིས་མེ་འཁོར་འཛུགས་སྐྲུན་ཆེད་ཨ་སྒོར་ཐེར་འབུམ་སུམ་བརྒྱ་སྐོར་འགྲོ་གྲོན་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་སླར་གསོ་བྱ་འཆར་ཡོད་པ་རེད། རྒྱ་ནག་ནང་ད་ལྟའི་ཆར་མེ་འཁོར་འགྲུལ་བཞུད་ཀྱི་ལྕགས་ལམ་ལེ་དབར་བདུན་ཁྲི་བརྒྱད་སྟོང་ཙམ་ཡོད་པ་ནས་ཕྱི་ལོ་༢༠༡༠ནང་ཚུད་ལྕགས་ལམ་ལེ་དབར་ཆིག་འབུམ་བར་གཏིང་ཐུབ་པ་བྱ་རྒྱུའི་དམིགས་ཚད་འཇོག་གི་ཡོད་པ་རེད། ལྷག་པར་དུ་ཕྱི་ལོ་༡༩༩༧ལོར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་དཔལ་འབྱོར་ཉམས་གུད་ཆེན་པོ་བྱུང་སྐབས་རྒྱ་ནག་གཞུང་གིས་གཞུང་ལམ་ཕོན་ཆེ་འཛུགས་སྐྲུན་བྱས་ཏེ་དཔལ་འབྱོར་སླར་གསོ་བྱས་པ་ལྟར་ད་རེས་རི་ལིའི་ལྕགས་ལམ་རྒྱ་ཆེ་གཏིང་རྒྱུའི་ལས་གཞིའི་ཐོག་ནས་དཔལ་འབྱོར་སླར་གསོ་བྱ་འཆར་ཡོད་པ་ལྟར་ལས་མི་ས་ཡ་ཉིས་བརྒྱ་སྐོར་ལྕགས་ལམ་འདིང་ཡུལ་གྲོང་དང་གྲོང་བརྡལ་ཁག་ཏུ་གཞིས་སྤོས་བྱེད་པའི་མངོན་དཔག་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎