རྒྱ་ནག་ནས་ཡུ་རོབ་མཐུན་ཚོགས་དང་ལྷན་ཚོགས་དུས་འགྱངས།

རྒྱ་ནག་གཞུང་ནས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དབར་གྱི་ལྷན་ཚོགས་དེའི་དུས་ཚོད་ནར་འགྱངས་བྱས་ཡོད་འདུག

2008.11.27

༄༅༎རྒྱ་ནག་གཞུང་ནས་དེ་སྔ་གཏན་འཁེལ་བྱུང་བའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དབར་གྱི་ལྷན་ཚོགས་དེའི་དུས་ཚོད་ནར་འགྱངས་བྱས་ཡོད་པ་དང་དེའང་རྒྱ་ནག་གཞུང་ནས་དུས་ཚོད་ནར་འགྱངས་བྱེད་དགོས་དོན་དེ་ནི་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་ཏཱ་ལའི་བླ་མ་ལྷན་དང་མཇལ་འཕྲད་གནང་རྒྱུའི་གནད་དོན་དེ་ལ་ཐུགས་པ་ཞིག་ཡིན་ལུགས་ཀྱི་གཏམ་བཤད་སྤེལ་འདུག

དེ་སྔའི་འཆར་གཞི་ལྟར་ན་ད་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཕེ་རན་སིའི་གྲོང་ཁྱེར་ལིཡོན་དུ་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་དབར་གྱི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་རྒྱུ་ཡིན་པ་དང་ལྷན་ཚོགས་འདིའི་ཐོག་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ལྷན་ཞུགས་གནང་རྒྱུ་ཡིན་པ་རེད། ཡིན་ནའང་ལྷན་ཚོགས་ཀྱི་དུས་ཚོས་དེའི་སྐབས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐབས་མགོན་ཆེན་པོ་མཆོག་ཡུ་རོབ་གྱི་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་སྦེལ་ཇེམ་གཉིས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པའི་ཐོག་ཚེས་བཞི་ཉིན་ཡུ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་རྒྱུ་དང་དེ་ནས་ཚེས་དྲུག་ཉིན་པོའོ་ལེན་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་ཞིང་དེའི་རིང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་དང་མཇལ་འཕྲད་གནང་རྒྱུའི་གཏན་འཁེལ་བྱུང་ཡོད་པས་དེར་བརྟེན་ཁ་ས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་ཕྱོགས་ནས་དེ་སྔོན་གཏན་འཁེལ་བྱུང་བའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་ལྷན་ཚོགས་དེའི་ནང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་མཉམ་བཞུགས་བྱ་རྒྱུའི་དུས་ཚོད་ནར་འགྱངས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་བྱས་ཡོད་པ་མ་ཟད་ད་རེས་རེས་གཟའ་ཕུར་བུའི་ཉིན་སླར་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གཞུང་ནས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་དབར་གྱི་ཆེས་མཐོའི་དཔོན་རིགས་ཀྱི་ལྷན་ཚོགས་དེའི་དུས་ཚོད་ནར་འགྱངས་བྱེད་དགོས་དོན་དེ་ནི་ཕེ་རན་སིའི་སྲིད་འཛིན་ལ་འགན་ཡོད་པ་ལས་རྒྱ་ནག་ཕྱོགས་ལ་འགན་མེད་ལུགས་སྐོར་གྱི་གཏམ་བཤད་བྱས་འདུག་ལ་ད་དུང་རྒྱ་ནག་ཕྱི་འབྱེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་ནས་ཏཱ་ལའི་བླ་མས་རྒྱ་ནག་ཁ་བྲལ་གཏང་རྒྱུའི་ཆེད་དུ་འཛམ་གླིང་ཡུལ་གྲུ་ཁག་གི་ནང་བསྐོར་བསྐྱོད་ཀྱི་ལས་དོན་སྤེལ་གྱི་ཡོད་པ་དེ་ལ་ང་ཚོས་དགག་བྱ་བྱེད་ཀྱི་ཡོད་ལ་ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་འདྲ་ཞིག་ནས་ཀྱང་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱ་རྒྱུར་ང་ཚོས་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག ཡིན་ནའང་རྒྱ་ནག་གཞུང་གིས་དགག་པ་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཕེ་རན་སིའི་སྲིད་གཞུང་གི་མགྲིན་ཚབ་པ་ལུཀ་ཤ་ཏེལ་ནས་སྲིད་འཛིན་སར་ཀོ་ཛི་དང་༸གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་དབར་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ལ་འགྱུར་བ་གང་ཡང་ཕྱིན་མེད་པར་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎