བོད་རྒྱ་མཐུན་འབྲེལ་ཚོགས་ཆུང་ལ་བྱ་དགའ་ཐོབ་པ།


2014.04.21
ཨེ་མོ་རེ་གཙུག་ལག་སློབ་གྲྭའི་བོད་རྒྱ་མཐུན་འབྲེལ་ཚོགས་ཆུང་གུ་མཉམ་པར་ཞིག ཨེ་མོ་རེ་གཙུག་ལག་སློབ་གྲྭའི་བོད་རྒྱ་མཐུན་འབྲེལ་ཚོགས་ཆུང་གུ་མཉམ་པར་ཞིག
པར། བོད་མིའི་སྒྲིག་འཛུགས།

སྤྱི་ལོ་༢༠༡༤་ལོའི་ཨེ་མོ་རེ་གཙུག་ལག་སློབ་གྲྭའི་དང་བླངས་ཞབས་ཞུའི་བྱ་དགའ་དེ་བོད་རྒྱ་མཐུན་འབྲེལ་ཚོགས་ཆུང་ལ་ཐོབ་ཡོད་འདུག
དེ་ཡང་ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་གྲའི་ནང་རྒྱ་རིགས་དང། བོད་རིགས་ཐོུང་གི་གོ་སྒྲིག་འོག་བོད་རྒྱ་མི་རིགས་མཐུན་སྒྲིལ་གོང་མཐོར་ཆེད་གསར་འཛུགས་གནང་བའི་བོད་རྒྱ་མཐུན་སྒྲིལ་ཚོགས་པར་གཙུག་ལག་སློབ་གྲའི་ཕྱི་ལོ་༢༠༡༤་ལོའི་སློབ་ཕྲུག་ཚོགས་པ་གསར་པའི་ཁྲོད་འགོ་ཁྲིད་དང་། སྤྱི་ཚོགས་ཞབས་ཞུ། དེ་བཞིན་ལས་རིགས་འདྲ་མིན་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་ལ་བསྔགས་བརྗོད་ཞུ་ཆེད་གོང་ཞུས་ཚོགས་པ་དེར་བྱ་དགའ་གནང་ཡོད་པ་རེད། གཙུག་ལག་སློབ་གྲས་བོད་རྒྱ་མཐུན་སྒྲིལ་ཚོགས་པ་དེར་བྱ་དགའ་གནང་དགོས་དོན་ནི་ཚོགས་པ་དེ་འཛུགས་ཆེད་སློབ་ཕྲུག་གི་འགོ་ཁྲིད་མང་དག་ཅིག་གིས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ལ་ངོ་འཛིན་གྱིས་བསྔགས་བརྗོད་ཞུས་པ་ཞིག་ཡིན་པ་མཚོན་གྱི་ཡོད་པ་མ་ཟད། ཚོགས་པ་དེས་བོད་རྒྱ་མི་རིགས་གཉིས་མཐུན་སྒྲིལ་གཏོང་རྒྱུའི་ལས་དོན་དེ་གལ་ཆེའི་རང་བཞིན་ལ་རྒྱབ་སྐྱོར་གནང་བ་ཞིག་ཀྱང་ཆགས་ཡོད། དེ་ཡང་ཚོགས་པའི་མགྲིན་ཚབ་པས་གསུངས་ན།  ཨེ་མོ་རི་གཙུག་ལག་སློབ་གྲའི་རྒྱ་རིགས་དང་། བོད་རིགས་སློབ་ཕྲུག་ཚོས་མི་རིགས་གཉིས་དབར་མཐུན་སྒྲིལ་དང་། བསམ་ཤེས་ཡོང་ཆེད་མཐུན་སྒྲིལ་གྱི་ཟམ་པ་འདི་ལྟ་བུ་ཞིག་གསར་འཛུགས་གནང་བདེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་༢༡་ནང་དཀའ་ངལ་རྣམས་འཚེ་བ་མེད་པ་ཞི་བའི་གྲོས་མོལ་དང་ ཕན་ཚུན་བསམ་ཤེས་ཀྱི་སྒོ་ནས་སེལ་ཐབས་དགོས་སྐོར་དུས་རྟག་ཏུ་བཀའ་གནང་བ་དེར་རྒྱབ་སྐྱོར་ཞུས་པ་ཞིག་མཚོན་གྱི་ཡོད་པ་རེད།  ཚོགས་པ་དེའི་ལངས་ཕྱོགས་ལ་དཔེ་བླངས་ཏེ་འཛམ་གླིང་རྒྱ་ཁྱབ་ཏུ་བོད་རྒྱ་མི་རིགས་ཀྱི་སློབ་ཕྲུག་རྣམས་ནས་མཐུན་འབྲེལ་གོང་མཐོར་གཏོང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག བོད་རྒྱ་མཐུན་འབྲེལ་ཚོགས་པ་དེ་ཐོག་མར་གཙུག་ལག་སློབ་གྲ་དེའི་ནང་ཡོད་པའི་རྒྱ་རིགས་སློབ་ཕྲུག་Bart Qian དང་། བོད་རིགས་སློབ་ཕྲུག་དགེ་འདུན་པ་ངག་དབང་ནོར་བུ་ལགས་རྣམ་གཉིས་ཀྱིས་གསར་འཛུགས་གནང་ཡོད་པ་རེད།  

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎