རྒྱ་ནག་གིས་བོད་ཀྱི་ས་ཐོག་ནས་རྒྱ་གར་གྱི་དམག་སྦྱོང་ལ་ཉུལ་ཞིབ་བྱེད་བཞིན་འདུག


2018.05.24
Nathu La་ས་མཚམས་ཀྱི་རྒྱ་གར་དང་རྒྱ་ནག་གི་དམག་མི། Nathu La་ས་མཚམས་ཀྱི་རྒྱ་གར་དང་རྒྱ་ནག་གི་དམག་མི།
EyePress News / EyePress

རྒྱ་ནག་གིས་བོད་ཀྱི་ས་ཐོག་ཏུ་གནམ་དམག་གི་ནུས་ཤུགས་འཕེལ་རྒྱས་གཏོང་བཞིན་པ་མ་ཚད་རྒྱ་གར་གྱི་གནམ་དམག་གི་དམག་སྦྱོང་ལ་ཉུལ་ཞིབ་བྱེད་བཞིན་ཡོད་འདུག
དེ་ཡང་སྤྱི་ཟླ་༥པའི་ཚེས་༢༤ཉིན་རྒྱ་གར་གྱི་(India Today)ཟེར་བའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གིས་རྒྱ་གར་གྱི་ལ་དྭགས་དང་ཨུཏྲ་ཁཱནདྷ། ཧི་མ་ཅཱལ། ཨ་རུ་ན་ཅཱཱལ་(Uattarkhand, Himachal, Arunachal)་འབྲས་ལྗོངས་བཅས་ཀྱི་ས་མཚམས་དང་ཉེ་སའི་བོད་ཀྱི་ས་ཁུལ་དུ་གནམ་དམག་གི་གནམ་གྲུའི་བབས་ཚུགས་༡༤ཡོད་པ་ཁག་ཚད་མཐོ་ལེགས་བཅོས་བཏང་ཡོད་པ་དང་། ཁག་ཅིག་ལ་གནམ་དམག་གི་དམག་འཁྲུག་འབྱུང་བའི་སྐབས་སུ་གནམ་གྲུ་ཁག་སྲུང་སྐྱོབ་བྱེད་པའི་ཆེད་དུ་བཀག་འགོག་ཐུབ་པའི་རྟེན་གཞི་ཡང་འཛུགས་སྐྲུན་བྱས་ཡོད་པའི་སྐོར་རྒྱ་གར་གྱི་བདེ་སྲུང་མི་སྣས་ཉེན་བརྡ་བཏང་འདུག
དེ་བཞིན་བོད་ཀྱི་ས་ཐོག་ཏུ་ཡོད་པའི་རྒྱ་ནག་གི་གནམ་གྲུའི་བབས་ཚུགས་དེ་དག་ནས་ཉེ་ཆར་མཇུག་བསྒྲིལ་བའི་རྒྱ་གར་གྱི་གནམ་དམག་གི་སྦྱོང་བརྡར་ཞིག་གི་ཐོག་རྒྱ་ནག་གིས་རྟོག་ཞིབ་བྱས་ཡོད་པའི་སྐོར་རྒྱ་གར་གྱི་བདེ་སྲུང་དང་འབྲེལ་བའི་མི་སྣས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག
རྒྱ་གར་གྱི་བདེ་སྲུང་ལས་ཁང་གི་དཔོན་རིགས་མཐོ་གྲས་ཁག་ཅིག་གིས་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱ་ནག་གིས་ ཧོ་ཏན་དང་ཧོ་པིང་། ལྷ་ས་བཅས་སུ་མཁའ་དམག་གནམ་གྲུའི་བབས་ཚུགས་རིམ་པ་སྤར་ནས་ལེགས་བཅོས་བཏང་ཡོད་འདུག་ཅིང་། རྒྱ་ནག་གི་ལན་ཀུའུ་དང་ཁྲིན་ཏུ་ས་ཁུལ་དུ་ཡོད་པ་རྣམས་ནི་རྒྱ་གར་གྱི་ས་ཁུལ་ལ་དྭགས་དང་། ཨུཏྲ་ཁཱནདྷ་དང་ཧི་མ་ཅཱལ། ཨ་རུ་ན་ཅཱལ་(Uttarkhand) (Himachal) (Arunachal)་འབྲས་ལྗོངས་བཅས་ཀྱི་ཁ་གཏད་དུ་འཁེལ་གྱི་ཡོད་པ་དང༌། དེའི་ནང་ནས་གནམ་གྲུ་བབས་ཚུགས་གཙོ་བོ་རྣམས་ནི་ཧཱོ་པིང་(Hoping)དང་ཆབ་མདོ་ས་ཁུལ་གྱི་སྤོམ་མདའ་གནམ་ཐང་དང་། མངའ་རི་ས་ཁུལ་གྱི་སེང་གེ་ཁ་འབབ་གཙང་པོའི་ས་ཁུལ་གྱི་གནམ་ཐང་། དེ་བཞིན་ཀོང་པོ་པ་ཡེ་གནམ་ཐང་དང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་གནམ་ཐང་གཉིས་ཙམ་ཡོད་པ་དེ་དག་ཡིན་པ་རེད་འདུག
བོད་ནང་ཡོད་པའི་རྒྱ་ནག་གི་མཁའ་དམག་གནམ་གྲུའི་བབས་ཚུགས་དེ་དག་ནི་རྒྱ་མཚོ་ནས་མཐོ་ཚད་མིས་ཀྲར་བཞི་སྟོང་གི་ས་ལ་ཆགས་ཡོད་པ་རེད།
དེ་བཞིན་ཡང་རྒྱ་གར་གྱི་ཕྱོགས་ནས་ཀྱང་ས་མཚམས་འཁེལ་སའི་ས་ཁུལ་དུ་མདུན་བསྐྱོད་ཀྱིས་གནམ་གྲུའི་བབས་ཚུགས་ཁག་ཅིག་འཛུགས་བསྐྲུན་བྱས་ཡོད་པ་དང༌། དེ་རྣམས་ནི་གཙོ་བོ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཛེ་རོ་(Zero) དང་། ཀྲུ་ཀྲིང(Tuting) པ་སི་གྷཱཊ(Passighat) སྨན་ཆུ་ཁ་བཅས་སུ་ཡོད་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎