ཀིར་རྟི་དགོན་པའི་ས་ཁུལ་དེ་ཛ་དྲག་གནས་སྟངས་འོག་གནས་པ།

ཀིར་རྟི་དགོན་པའི་དགེ་འདུན་པ་བཀྲ་སྤེས་རང་ཉིད་ཀྱི་སྐུ་ལུས་མེར་བསྲེགས་བཏང་བའི་རྗེས་ས་ཁུལ་དེ་བཞིན་ཛ་དྲག་གི་གནས་སྟངས་འོག་གནས་པ།

2009.02.28

༄༅༎ཁད་ཉིན་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་བདུན་ཉིན་མདོ་སྨད་ཨ་མདོའི་རྔ་བའི་ཀིར་རྟི་དགོན་པའི་དགེ་འདུན་པ་བཀྲ་སྤེ་ཞུ་བས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རང་དབང་སྤྱི་དང་བྱེ་བྲག་བོད་ཀྱི་ལོ་གསར་རྗེས་སུ་ལྷ་ལྡན་སྨོན་ལམ་ཆེན་མོ་འཚོགས་རྒྱུར་བཀག་འདོམ་བྱས་པ་སོགས་ཀྱི་དམ་བསྒྲགས་ལ་ངོ་རྒོལ་མཚོན་ཆེད་རང་ཉིད་ཀྱི་སྐུ་ལུས་མེར་བསྲེགས་གཏོང་ཐབས་གནང་བའི་གནས་ཚུལ་བྱུང་རྗེས་ད་ཆ་ས་ཁུལ་དེ་བཞིན་ཛ་དྲག་གི་གནས་སྟངས་ཤིག་གི་འོག་ཏུ་གནས་ཡོད་པ་རེད།

མདོ་སྨད་ཀིར་རྟི་དགོན་པའི་དགེ་འདུན་པ་བཀྲ་སྤེ་ཞུ་བས་རང་ཉིད་ཀྱི་སྐུ་ལུས་མེར་བསྲེགས་གཏོང་ཐབས་གནང་བ་དེ་དངོས་འབྲེལ་ཡིན་པ་རྒྱ་ནག་གཞུང་གིས་ཤིན་ཧུལྦ་གསར་འགྱུར་བརྒྱུད་ལམ་གྱིས་ངོས་ལེན་བྱས་ཡོད་པ་རེད། གནས་ཚུལ་དེ་བཞིན་ཐོག་མར་བོད་ཀྱི་ཕྱི་ལ་འགྲེམས་སྤེལ་གནང་མཁན་ནི་རྒྱ་གར་ནང་རྟེན་གཞི་བྱས་པའི་ཀིར་རྟི་དགོན་པའི་དགེ་འདུན་པ་ཚེ་རིང་ལགས་ཡིན་པ་རེད། ཁོང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན་བཀྲ་སྤེས་རང་ཉིད་ཀྱི་ལག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་ལྡན་པའི་བོད་ཀྱི་རྒྱལ་དར་ཞིག་བསྣམས་ཏེ་ངོ་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་དུ་རང་ཉིད་ཀྱི་གཟུགས་པོར་མེ་སྤར་འདུག་པ་དང་སྐབས་དེར་རྒྱ་མིའི་ཉེན་རྟོག་པས་ཁོང་ལ་མེ་མདའ་རྒྱབ་སྟེ་ཁོང་ས་ལ་འགྱེལ་བའི་གནས་ཚུལ་བྱུང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་མེ་སྤར་བའི་དོན་རྐྱེན་ངོས་ལེན་བྱས་པ་ལས་ཁོང་ལ་མེ་མདའ་རྒྱབ་པའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེ་ད་པ་མ་ཟད་ད་ལྟའི་ཆར་དགེ་འདུན་པ་དེ་བཞིན་སྨན་ཁང་ཞིག་གི་ནང་ཁོང་གི་མཇིང་པ་དང་མགོ་ལ་ཚིགས་སྐྱོན་བྱུང་བར་སྨན་བཅོས་བྱེད་བཞིན་ཡོད་ལུགས་ཤིན་ཧུལྦས་བརྗོད་ཡོད་པ་རེད། ཕེ་རན་སིའི་གསར་འགྱུར་ཚན་པས་ཨ་མདོ་རྔ་བ་ཁུལ་གྱི་རྒྱ་ནག་གི་དཔོན་རིགས་ཚོར་ཞིབ་ཕྲའི་གནས་ཚུལ་འདྲི་རྩད་བྱས་ཀྱང་དོན་རྐྱེན་དེའི་སྐོར་འགྲེལ་བརྗོད་གང་ཡང་བྱེད་རྒྱུ་མེད་ལུགས་ལན་སྤྲད་ཡོད་པ་རེད། ཕེ་རན་སིའི་གསར་འགྱུར་ཚན་པས་རྔ་བ་ས་ཁུལ་གྱི་བོད་མི་ཁག་ཅིག་ལའང་འདྲི་རྩད་བྱེད་སྐབས་ལན་འདེབས་སྤྲོད་མཁན་མི་གཅིག་གིས་མེ་མདའ་རྒྱབ་པའི་གནས་ཚུལ་དེ་དངོས་འབྲེལ་རེད། དེ་ལས་ལྷག་པ་གང་ཡང་ཤོད་ཀྱི་མིན་གང་ལགས་ཞེ་ན་ངའི་ཁ་པར་ལ་ཉན་ཞིན་བྱེད་ཀྱི་ཡོག་རེད་ཅེས་དོན་དུ་དོན་རྐྱེན་དེའི་སྐོར་ཞིབ་ཕྲའི་གནས་ཚུལ་ཤོད་རྒྱུར་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎