རྒྱ་ནག་གི་རྒྱལ་སྟོན་ཉིན་ཐའེ་ལྦན་གྱི་དཔོན་རིགས་གདན་ཞུ།

རྒྱ་ནག་གི་རྒྱལ་སྟོན་ཉིན་མོའི་མཛད་སྒོའི་ཐོག་རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་དཔོན་རིགས་འགའ་ཤས་གདན་ཞུ་བྱས་ཡོད་པའི་གནས་ཚུལ།

2009.09.16

༄༅༎ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་གི་རྒྱལ་སྟོན་ཉིན་མོའི་རྟེན་འབྲེལ་དགའ་སྟོན་སྐབས་རྒྱ་ནག་དང་ཐའེ་ལྦན་དབར་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་པའི་རྣམ་པ་བཏོན་རྒྱུའི་འཆར་གཞི་ཞིག་རྒྱ་ནག་གིས་བཏིངས་ཡོད་སྐོར་དེ་རིང་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་ནང་གནས་ཚུལ་སྤེལ་འདུག

རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་ལས་དོན་ཁང་གི་མགྲིན་ཚབ་པས་རྒྱལ་སྟོན་ཉིན་མོའི་མཛད་སྒོའི་ཐོག་རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་དཔོན་རིགས་འགའ་ཤས་གདན་ཞུ་བྱས་ཡོད་སྐོར་བརྗོད་པ་ཤིན་ཧཱ་གསར་ལས་ཁང་གིས་ལུང་འདྲེན་བྱས་བཞག

མགྲིན་ཚབ་པ་དབྱང་ཡི་ཡིས་དེ་ཙམ་བརྗོད་པ་ལས་འགྲེལ་བཤད་ཞིབ་ཕྲ་རྒྱབ་མེད་པ་རེད།

རྒྱ་ནག་དང་ཐའེ་ལྦན་དབར་༡༩༤༩ནས་བཟུང་ཕན་ཚུལ་དགྲ་ཡ་ལྟ་བུའི་འདུ་ཤེས་འཛིན་པའི་ཐོག་ནས་འཆམ་མཐུན་དེ་ཙམ་མེད་ནའང་སྔ་ལོ་ཐའེ་ལྦན་ནང་གོ་མིང་ཏང་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་སྲིད་འཛིན་མཱ་ཡིང་ཇུའི་སྲིད་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་གནང་བཞིན་ཡོད་པ་རེད།

རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་ལས་དོན་ཁང་གི་མགྲིན་ཚབ་པས་དབྱང་གིས་རྒྱ་ནག་གིས་ཐའེ་ལྦན་གྱི་གནད་དོན་དང་འབྲེལ་བའི་ལས་དོན་མང་པོ་ཞིག་ལ་ལམ་ལྷོང་ཆེན་པོ་བྱུང་ཡོད་པར་བརྟེན་རྒྱལ་སྟོན་ཉིན་མོའི་རྟེན་འབྲེལ་མཛད་སྒོའི་ནང་གྲུབ་འབྲས་དེ་ཚོ་བཅུག་དགོས་ཡག་དེ་རྒྱུ་མཚན་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎