རྒྱ་ནག་ནང་དམངས་གཙོ་དོན་གཉེར་བ་ཕྱིར་བསྐྱོད་བཀག་འགོག

རྒྱ་ནག་གཞུང་གིས་རྒྱ་ནག་གི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ཕྱི་རྒྱལ་དུ་འགྲོ་བསྐྱོད་ལ་བཀག་འགོག་བྱས་ཡོད་པ་རེད།

2010.12.03

༄༅༎གཟའ་འཁོར་རྗེས་མའི་ནང་རྒྱ་མིའི་བཙོན་ཁང་དུ་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བའི་དུས་ཚོད་ཡིན་པརབརྟེན་ནས་རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་བ་གང་རུང་ཞིག་གིས་ཕྱིའི་རྒྱལ་ཁབ་ནང་དུ་བསྐྱོད་པའི་གོ་སྐབས་བཟུང་སྟེ། ལིའུ་ཤའོ་ཕུའུ་ཀྱི་གཟེངས་རྟགས་ལེན་པར་འགྲོ་རྒྱུའི་དོགས་གཞི་བྱས་པར་བརྟེན། རྒྱ་ནག་གི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ཕྱི་རྒྱལ་དུ་འགྲོ་བསྐྱོད་ལ་བཀག་འགོག་བྱས་ཡོད་པ་རེད།

སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ནི། ལྷོ་ཀོ་རི་ཡར་འགྲོ་མཁན་ཡིན་པ་དང༌། ཡིན་ནའང་རྒྱ་མིའི་ཉེན་རྟོག་པས། ཁོང་རྒྱ་ནག་གི་ཕྱི་ཕྱོགས་སུ་འགྲོ་རྒྱུར་རྒྱ་ནག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་རྒྱུ་ཡིན་པ་བཤད་ཡོད་ཅིང༌། ཨའེ་ལྦེ་ལྦེ་ནི་རྒྱ་ནག་ནང་སྐད་གྲགས་ཆེ་བའི་སྒྱུ་རྩལ་མི་སྣ་ཞིག་ཡིན་པ་དང། ཁོང་གིས་གསར་འགོད་པར། རྒྱ་ནག་གཞུང་གིས་ཁོང་ད་རེས་ཀོ་རི་ཡར་འགྲོ་བསྐྱོད་མི་ཆོག་པར་བཀག་འགོག་བྱས་པ་དེ་ནི་ཧ་ཅང་གི་ཐབས་སྡུག་བྱ་སྤྱོད་ཅིག་ཡིན་པ་དང༌། ཁོང་གིས་བསམ་པར། གཟའ་འཁོར་རྗེས་མར་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་འབུལ་བའི་དུས་ཚོད་འཁེལ་བར་སོང་ཁོང་ཕྱི་བསྐྱོད་བཀག་འགོག་བྱས་པ་ནི་ཐད་ཀར་གནད་དོན་དེ་དང་འབྲེལ་བ་ཡོད་པ་དང༌། རྒྱ་ནག་གཞུང་ནི་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པ་དེར་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་ལུགས་གསུང་ཡོད་པ་རེད།

འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ནི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་ཐོབ་ཡོད་ཀྱང་ཁོང་ནི་བཙོན་ཁང་དུ་ཡོད་པ་དང་བྱ་དགའ་ལེན་པར་འགྲོ་ཐབས་མེད་པའི་ཁར་ཁོང་གི་བཟའ་ཟླར་རྒྱ་ནག་གཞུང་གི་འགྲོ་འོང་གི་རང་དབང་མེད་པར་དམ་བསྒྲགས་བྱེད་བཞིན་པར་བརྟེན་དམངས་གཙོ་དོན་གཉེར་བ་གང་ཞིག་གིས་ཁོང་གི་སྐུ་ཚབ་ཏུ་བྱ་དགའ་ལེན་པར་འགྲོ་རྒྱུར་རྒྱ་ནག་གཞུང་གིས་བློ་དོགས་བྱེད་པར་བརྟེན་ནས་རྒྱ་ནག་ནས་དམངས་གཙོ་དོན་གཉེར་བ་ཕྱི་བསྐྱོད་ཐོག་ལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་རེད། ཡང་གཟའ་འཁོར་འདིའི་ནང་ལིའུ་ཤའོ་ཕུའུ་ལ་རྒྱབ་སྐྱོར་བ་གཞན་ཞིག་ཕྱི་བསྐྱོད་ལ་བཀག་འགོག་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་ཚུལ་གཅིག་པ་བཤད་ཅིང༌། ཡིན་ནའང་ཁོང་གཉིས་ཀས་ལིའུ་ཤའོ་ཕུའུ་གྱི་བྱ་དགའ་ལེན་པར་འགྲོ་རྒྱུའི་འཆར་གཞི་གང་ཡང་མེད་པའི་གནས་ཚུལ་གསལ་བཤད་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱི་གསལ་བཤད་ལ་ལན་འདེབས་གང་ཡང་བྱས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎