རྒྱ་ནག་གཞུང་གིས་དྲ་རྒྱའི་སྟངས་འཛིན་ལ་རང་སྲུང་བྱ་ཐབས།

རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་སྟངས་འཛིན་བྱེད་ཀྱི་ཡོད་པ་སྐྱོན་བརྗོད་ལ་རང་སྲུང་བྱ་ཐབས་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

2010.01.25

༄༅༎རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་སྟངས་འཛིན་བྱེད་ཀྱི་ཡོད་པ་སྐྱོན་བརྗོད་ལ་རང་སྲུང་བྱ་ཐབས་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

དེ་ཡང་གཟའ་འཁོར་གཉིས་ཙམ་གྱི་གོང་དྲ་རྒྱའི་ཐོག་གནས་ཚུལ་འཚོལ་ཞིབ་བྱ་རྒྱུའི་ཚོང་དོན་ཁང་ཆེ་ཤོས་གུའུ་གལ་ཡིས་ཚོང་ལས་ཁང་དེའི་རྒྱ་ནག་ནང་གི་དྲ་རྒྱའི་ལས་དོན་ཐོག་རྒྱ་ནག་གཞུང་གིས་སྟངས་འཛིན་དང་དེ་བཞིན་དྲ་རྒྱའི་ཐོག་གི་མི་སྒེར་གྱི་ཡིག་འགྲུལ་ཁ་བྱང་རྐུ་འཁྱེར་གྱི་གནས་ཚུལ་བྱུང་བའི་སྐོར་ཕྱིར་བཏོན་གནང་སྟེ་རྒྱ་ནག་གིས་དྲ་རྒྱ་དེའི་ཐོག་སྟངས་འཛིན་བྱ་རྒྱུ་མཚམས་ཇོག་དགོས་པའི་ཉེན་བརྡ་བཏང་བའི་རྗེས་ཨ་རི་དང་རྒྱ་ནག་དབར་དྲ་རྒྱའི་གནད་དོན་ཐོག་རྩོད་གླེང་ཤུགས་ཆེ་བྱུང་ཡོད་ཅིང་ད་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་སླར་ཡང་ཨ་རི་གཞུང་གིས་རྒྱ་ནག་ནས་དྲ་རྒྱའི་ཐོག་སྟངས་འཛིན་བྱེད་ཀྱི་ཡོད་པའི་བྱ་སྤྱོད་ལ་བསྐྱར་དུ་རང་སྲུང་བྱ་ཐབས་ཀྱི་གཏམ་བཤད་སྤེལ་ཏེ་རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་དམ་བསྒྲགས་བཀག་སྡོམ་གྱི་ཡོ་ཆས་བྱེད་སྤྱོད་བྱ་ཡི་མེད་ལུགས་བརྗོད་ནས་དྲ་རྒྱའི་གནད་དོན་ཐོག་རྒྱ་ནག་གིས་རང་སྲུང་བྱ་ཐབས་ཀྱི་ལན་འདེབས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་དེས་རྐྱེན་པས་ཉེ་བའི་ཆར་རྒྱ་ནག་དང་ཨ་རིའི་དབར་ཨ་རིའི་ཐའེ་ལྦན་ལ་གོ་མཙོན་ཕྱིར ཚོང་གི་གནད་དོན་དང་དེ་བཞིན་རྒྱལ་ཁབ་གཉིས་དབར་ཚོང་དོན་གྱི་དཀའ་རྙོག་སོགས་ཀྱི་ཐོག་རྩོད་གླེང་ཡོད་མུས་ཐོག་ད་རེས་དྲ་རྒྱའི་གནད་དོན་དེས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་དཀའ་ངལ་དེ་བཞིན་ཇེ་ཆེར་བསྐྱོད་བཞིན་ཡོད་པ་རེད། པེ་ཅིང་ནང་རྟེན་གཞི་བྱས་པའི་གསར་འགྱུར་དང་ཁ་པར་འཕྲུལ་རིག་འབྲེལ་མཐུད་ལས་ཁང་ལྦུལྥ་གུ་རུཔ་ཞེས་པའི་སློབ་སྟོན་ཌེ་ལྦི་ཌི་ལྦུལྥ་ཡིས་རྩོད་རྙོག་དེ་རིགས་རྒྱ་ནག་གཞུང་གི་ཆེས་མཐོའི་ཆབ་སྲིད་ལས་དོན་ཐོག་གལ་འགངས་ཆེན་པོ་ཞིག་ཏུ་རྩིས་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གིས་གཞི་རྩའི་གནད་དོན་དེ་རིགས་ཐོག་ཕྱིར་བཤོལ་བྱེད་མི་སྲིད་པའི་དགོངས་ཚུལ་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎