བོད་ནང་གནམ་ཐང་ལྔ་པ་འཛུགས་བསྐྲུན་བྱེད་འཆར།

རྒྱ་ནག་གཞུང་གིས་བོད་ནང་འགྲུལ་པ་སྐྱེལ་འདྲེན་གྱི་གནམ་ཐང་ལྔ་པ་འཛུགས་བསྐྲུན་འགོ་འཛུགས་བྱས་ཡོད་འདུག

2009.04.30

༄༅༎རྒྱ་ནག་གཞུང་གིས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་མང་དུ་གཏོང་ཐབས་ཆེད་བོད་ནང་འགྲུལ་པ་སྐྱེལ་འདྲེན་གྱི་གནམ་ཐང་ལྔ་པ་འཛུགས་བསྐྲུན་འགོ་འཛུགས་བྱས་ཡོད་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

དེ་ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧཱ་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན་རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་གཞིས་ཀ་རྩེའི་ནང་ཞི་བདེ་གནམ་ཐང་ཞེས་པའི་གནམ་ཐང་གསར་པ་ཞིག་འཛུགས་བསྐྲུན་སླད་མ་གནས་ཨ་སྒོར་ས་ཡ་བདུན་ཅུ་ལྷག་གི་འགྲོ་གྲོན་འཆར་འགོད་བྱས་ཡོད་པ་དང་གནམ་ཐང་གསར་བསྐྲུན་གྱི་ལས་འཆར་དེ་ལོ་གཉིས་ཙམ་རིང་འགོར་སྲིད་པ་དང་གནམ་ཐང་དེའི་རྒྱུད་ལོ་རེར་འགྲུལ་པ་༢༣༠༠༠༠ཙམ་འགྲུལ་སྐྱེལ་ཐུབ་པའི་སྔོན་དཔག་བྱེད་བཞིན་ཡོད་འདུག ཤིན་ཧཱ་གསར་ལས་ཁང་གིས་གཞིས་ཀ་རྩེ་ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་མཐོ་རིམ་ལས་བྱེད་པས་གཏམ་བཤད་ལུང་འདྲེན་བྱས་པར་གཞིགས་ན་གནམ་ཐང་གསར་པ་དེའི་རྒྱུད་གཞིས་ཀ་རྩེ་གྲོང་ཁྱེར་དང་ཕྱིའི་ཡུལ་ཁག་དབར་མཐུན་འབྲེལ་གྱི་བརྒྱུད་ལམ་གསར་པ་ཞིག་བསྐྲུན་རྒྱུ་མ་ཟད་ལས་གཞི་དེའི་ཐོག་ནས་ས་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཐད་ལ་གོ་སྐབས་དང་ནུས་པ་གསར་བསྐྲུན་ཐུབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག གཞིས་ཀ་རྩེ་དང་ལྷ་ས་གྲོང་ཁྱེར་དབར་ད་ལྟ་ནས་རི་ལིའི་བརྒྱུད་ལམ་བཟོ་འཆར་ཡིན་ལ་རྒྱ་ནག་གཞུང་གིས་བོད་ནང་གནམ་ཐང་དང་རི་ལི་དེ་བཞིན་གཞུང་ལམ་གསར་འཛུགས་ཀྱི་ལས་གཞི་དེ་ཚོས་བོད་ནང་འཚོ་བའི་གནས་སྟངས་ལ་ཡར་རྒྱས་འགྲོ་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་ཀྱང་ཕྱི་ཕྱོགས་ནས་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གི་བོད་ནང་འཛུགས་བསྐྲུན་ལས་གྲྭ་དེ་ཚོས་རྒྱ་རིགས་མི་འབོར་བོད་ནང་གཞིས་སྤོས་སྟབས་བདེ་ཆགས་རྒྱུ་དང་ཆབས་ཅིག་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་དང་བོད་མིའི་ངོ་བོ་རྩ་བརླག་འགྲོ་ཉེན་ཡིན་སྐོར་སྐྱོན་འཛུགས་དང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎