རྒྱ་ནག་ནང་ཟ་ཆའི་རིགས་གོང་འཕར་བའི་གནས་སྟངས།

རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཟ་ཆའི་རིན་གོང་འཕར་བཞིན་པའི་གནས་སྟངས་ལ་སྟངས་འཛིན་ཐུབ་པའི་ནུས་པ་ཡོད་ལུགས་བརྗོད་ཡོད་འདུག

2010.11.22

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཟ་ཆའི་རིན་གོང་འཕར་བཞིན་པའི་གནས་སྟངས་ལ་སྟངས་འཛིན་ཐུབ་པའི་ནུས་པ་ཡོད་ལུགས་བརྗོད་ཡོད་འདུག

རྒྱ་ནག་འཕེལ་རྒྱས་བསྒྱུར་བཅོས་ལྷན་ཁང་གིས་དེ་རིང་ཕྱི་ཚེས་༢༢ཉིན་གཞུང་འབྲེལ་དྲ་རྒྱའི་ཐོག་གསལ་བསྒྲགས་སྤེལ་ཡོད་པའི་ནང་ རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཟ་ཆས་དང་དངོས་ཟོག་གི་རིན་གོང་རྒྱུན་ལྡན་ཅན་དུ་འགྱུར་རྒྱུར་ནུས་པ་དང་ཆ་རྐྱེན་ལྡན་ཡོད་ལུགས་བཀོད་ཡོད་འདུག 

རྒྱ་ནག་ནང་ཉེ་བའི་ཟླ་ཤས་རིང་དངུལ་ལོར་ཚད་ལས་བརྒལ་བ་འགྲེམས་སྤེལ་བྱས་པའི་རྐྱེན་གྱིས་དངོས་ཟོག་གི་རིན་གོང་ཤུགས་ཆེ་འཕར་ཡོད་པ་དང་ལྷག་པར་དུ་ཟ་ཆའི་རིགས་ཀྱི་རིན་གོང་ཇེ་ཆེར་འཕར་བཞིན་པའི་གནས་སྟངས་ཐོག་མང་ཚོགས་ཀྱིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་ཅིང་ དེར་བརྟེན་ནས་རྒྱ་ནག་འཕེལ་རྒྱས་བསྒྱུར་བཅོས་ལྷན་ཁང་གིས་རྒྱ་ནག་ནང་ད་ལྟའི་ཆར་དངོས་ཟོག་གི་རྨང་གཞི་བརྟན་པོ་ཡོད་ལུགས་དང་ འབྲུ་རིགས་སྣ་ཚོགས་དང་ ཚལ་རིགས་དང་ ཤ་སོགས་ཁྲོམ་རའི་ནང་མཐུན་འགྱུར་བྱེད་ཡས་འདེངས་ངེས་ཡོད་ལུགས་གསལ་བཤད་བྱེད་ཡས་སོགས་ཀྱི་ཐབས་ལམ་འཛིན་ནས་རྒྱ་ནག་ནང་དངོས་ཟོག་དང་ལྷག་པར་དུ་ཟ་ཆའི་རིན་གོང་མཐོ་རུ་འགྲོ་བཞིན་པའི་རྐྱེན་གྱིས་ མི་མང་ཚོས་སེམས་འཚབ་དང་མི་འདོད་པའི་རྣམ་པ་ཤུགས་ཆེ་རུ་ཕྱིན་ནས་་སྤྱི་ཚོགས་ནང་ཟང་ཟིང་གི་གནས་ཚུལ་ལྷག་རྒྱུར་འགོག་ཐབས་བྱེད་བཞིན་ཡོད་པ་རེད་ 

རྒྱ་ནག་བསྒྱུར་བཅོས་འཕེལ་རྒྱས་ལྷན་ཁང་གིས་རྒྱ་ནག་ནང་དངོས་ཟོག་གི་རིན་གོང་ཇེ་ཆེར་འཕར་བཞིན་པའི་གནས་སྟངས་ཀྱིས་ཡོང་ཁུངས་དམའ་བའི་ཁྱིམ་ཚང་ཚོར་དཀའ་ངལ་ཡོད་པའི་དངོས་ཡོད་གནས་ཚུལ་ལ་བསམ་ཞིབ་བྱས་ནས་ཡོང་ཁུངས་དམའ་བའི་ཁྱིམ་ཚང་ཚོར་འཚོ་བའི་ཁ་སྣོན་སྤྲོད་རྒྱུའི་ཁས་ལེན་ཡས་བྱས་ཡོད་པ་རེད་ རྒྱ་ནག་ནང་ད་ལོ་ཕྱི་ཟླ་བཅུ་པའི་ནང་དངུལ་ལོར་ཚད་ལས་བརྒལ་བའི་ཚད་གཞི་བརྒྱ་ཆ་བཞི་དང་གྲངས་ཆུང་བཞི་ལྷག་ཟིན་ཡོད་པ་དང་ དེ་ནི་འདས་པའི་ལོ་ངོ་གཉིས་ནང་རྒྱ་ནག་ནང་དངུལ་ལོར་ཚད་ལས་བརྒལ་བའི་གནས་སྟངས་མཐོ་ཤོས་སུ་སླེབས་ཡོད་པར་བརྟེན་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་ནང་དངོས་ཟོག་གི་རིན་གོང་མཐོ་རུ་འགྲོ་བཞིན་པའི་གནས་སྟངས་དེས་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ལ་ཉེན་ཚབས་སླེབས་བཞིན་ཡོད་པ་དབྱེ་ཞིབ་གནང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎