༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཐོན།

རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་རྣམས་དང་ལྷན་དུ་སྔོན་འཆར་ལྟར་འབྲེལ་མོལ་བཀའ་བསྡུར་ཞུ་མུས་ཡིན་པ་གསལ་བཤད་གནང་འདུག

2008.10.28

༄༅༎ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་སྟེ་ལོ་ངོ་བཞི་བཅུ་ཞེ་བརྒྱད་འཁོར་བའི་དུས་དྲན་མཛད་སྒོའི་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་ལ་ཐུགས་ཡིད་ཆེསེ་དེ་ཙམ་གནང་ཐུབ་ཀྱི་མེད་པ་བཀའ་གནང་མིན་ལ་མ་བལྟོས་པར་རྒྱ་ནག་གཞུང་གིས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམས་དང་ལྷན་དུ་སྔོན་འཆར་གཏན་འབེབས་ཟིན་པའི་འབྲེལ་མོལ་སྐོར་བཀའ་བསྡུར་ཞུ་མུས་ཡིན་པ་གསལ་བཤད་གནང་འདུག

འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་དབུས་པའི་སྐུ་ཚབ་ཚོགས་ཆུང་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་དགུ་ཉིན་རྒྱ་ནག་ཏུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་སྩལ་བའི་གསུང་བཤད་ཀྱི་ནང་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་བོད་རྒྱའི་དཀའ་རྙོག་དེ་གཉིས་ཕན་དབུ་མའི་ཐབས་ལམ་གྱི་ཐོག་ནས་སེལ་ཐུབ་རྒྱུར་ཐུགས་རེ་ཆེན་པོ་གནང་ཡང་རྒྱ་ནག་གཞུང་ཕྱོགས་ཀྱི་ངོས་ནས་ཡ་ལན་དྲང་པོ་རྩ་བ་ནས་མ་བྱས་པའི་ཁར་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་བཀུར་འདེབས་སྣ་ཚོགས་པ་ཞིག་ཞུ་བཞིན་པ་དང་བོད་ནང་གི་གནས་སྟངས་རྩ་བ་ནས་བཟང་དུ་མ་བཏང་བ་སོགས་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་གཞིགས་སྟེ་ད་ཆ་བོད་རྒྱ་འབྲེལ་མོལ་གྱི་འཕེལ་རིམ་དེའི་ཐོག་ཐུགས་འགན་མུ་མཐུད་བཞེས་རྒྱུར་དགོས་མེད་ཅིག་ཏུ་གཟིགས་ཀྱི་ཡོད་པ་བཀའ་གནང་པ་དང་རྒྱ་ནག་གཞུང་ཕྱོགས་ཀྱི་བྱ་སྤྱོད་ཀྱིས་རྐྱེན་པས་རིམ་པས་རྒྱ་ནག་གཞུང་གི་ཐོག་ཐུགས་ཡིད་ཆེས་བརླག་ཕེབས་ཀྱི་ཡོད་པ་བཀའ་གསལ་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇིཡང་ཡུས་ངས་ཤེས་རྟོགས་བྱུང་དོན་ལྟར་ན་ཕྱོགས་གཉིས་དབར་འབྲེལ་མོལ་ཐད་གོ་བསྡུར་མུ་མཐུད་བྱེད་བཞིན་པ་ཡིན་འདུག་ཅེས་དང་ང་ཚོས་འབྲེལ་ལམ་འདི་དག་བརྒྱུད་ཏཱ་ལའི་ངོས་ནས་གནས་ཚུལ་ངོ་མ་མཁྱེན་པའི་ཐོག་ནས་བྱ་སྤྱོད་ཀྱི་ཐོག་ནས་ཁ་ཞེ་གཉིས་མེད་ཡིན་པ་ཞིག་སྟོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་ལས་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་ནས་ཉེ་ཆར་བཀའ་སློབ་ཕེབས་པའི་ནང་དོན་སྐོར་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

ད་དུང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དེས་རྒྱ་ནག་གི་གཏམ་དཔེ་ཚིག་ལ་ཉོན་བྱ་སྤྱོད་ལ་བལྟོས་ཞེས་པ་དེ་ལུང་འདྲེན་བྱས་པ་བརྒྱུད་གལ་ཏེ་ཏཱ་ལའི་ཕྱོགས་ནས་དོན་དངོས་རྒྱ་ནག་གཞུང་དང་འབྲེལ་ལམ་བཟང་དུ་གཏོང་འདོད་ཡོད་ཚེ་འདི་ལོ་ཕྱི་ཟླ་བདུན་པའི་གྲོས་མོལ་སྐབས་ཁས་ལེན་བྱས་པ་དེ་དག་ལག་བསྟར་བྱེད་དགོས་ཀྱི་རེད་ཅེས་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎