ཨོ་ལིམ་པིག་སྐབས་ངོ་རྒོལ་བྱེད་མཁན་མ་བྱུང་བའི་གསལ་བཤད།

པེ་ཅིང་རྩེད་འགྲན་སྐབས་ངོ་རྒོལ་བའི་སྤྱི་གླིང་ཞེས་པའི་ནང་ངོ་རྒོལ་རྔམ་སྟོན་གྱི་དོན་རྐྱེན་ཅིག་ཀྱང་ཐོན་མེད་པའི་རྒྱུ་མཚན་གསལ་བཤད་བྱས་འདུག

2008.09.18

༄༅༎ཉེ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ངོ་རྒོལ་བའི་སྤྱི་གླིང་ཞེས་པའི་ནང་ ངོ་རྒོལ་རྔམ་སྟོན་གྱི་དོན་རྐྱེན་ཅིག་ཀྱང་ཐོན་མེད་པའི་རྒྱུ་མཚན་ནི་ ངོ་རྒོལ་གྱི་བཀའ་ཁྲོལ་ཞུ་མཁན་ཚོས་བདེ་སྡུག་རྣམས་སྔོན་ཚུད་ནས་སེལ་ཟིན་ཡོད་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚུགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་དང་ དེ་བཞིན་ཞུ་གཏུགས་རྒྱབ་མཁན་མི་མང་ཚོའི་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ལས་གཡོལ་ཐབས་སུ་ པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་ངོ་རྒོལ་བའི་ཆེད་སྤྱི་གླིང་གསུམ་ཟུར་བཅད་བྱས་པ་དང་ཕྱོགས་མཚུངས་ངོ་རྒོལ་བ་རྣམས་ནས་སྔོན་ཚུད་ནས་གཞུང་གི་བཀའ་ཁྲོལ་ཞུ་དགོས་པའི་ཆ་རྐྱེན་གཏན་འབེབས་བྱས་ཡོད་པ་རེད་

ཨོ་ལིམ་པིག་རྩེད་འགྲན་དངོས་གཞི་འགོ་བཙུགས་བྱས་པ་ནས་བཟུང་ ངོ་རྒོལ་གྱི་བཀའ་ཁྲོལ་ཞུ་མཁན་སྙན་ཞུ་མང་པོ་ཕུལ་ཡོད་ཀྱང་ གཞུང་ཕྱོགས་ནས་ངོ་རྒོལ་གྱི་དོན་རྐྱེན་བཀག་འགོག་ཆེད་ མང་ཚོགས་ཀྱི་སྙན་ཞུ་གཅིག་ལའང་ཆོག་མཆན་མ་སྤྲད་པ་དེར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་རེད་ དེ་རིང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་ ཨོ་ལིམ་པིག་རྩེད་འགྲན་སྐབས་ཟུར་བཅད་བྱས་པའི་ངོ་རྒོལ་བའི་སྤྱི་གླིང་སར་ངོ་རྒོལ་གྱི་རྣམ་པ་ཅིག་ཀྱང་ཐོན་མེད་པ་དེ་ནི་ ངོ་རྒོལ་གྱི་བཀའ་ཁྲོལ་སྙན་ཞུ་འབུལ་མཁན་ཁོང་ནས་སྙན་ཞུ་འགའ་ཞིག་གི་ནང་དོན་དེ་དག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འགལ་བའི་རྒྱུ་མཚན་ཐོག་ནས་ བཀའ་ཁྲོལ་ཐོབ་མེད་པ་དང་ དེ་མིན་ངོ་རྒོལ་གྱི་ཆོག་མཆན་ཞུ་མཁན་ཚོས་ཞུ་གཏུགས་ཀྱི་དཀའ་སྡུག་ཡོངས་རྫོགས་སྐབས་དེ་རང་འབྲེལ་ཡོད་ལས་ཁུངས་ཁག་ནས་དགོངས་བཞེས་ཀྱིས་ནང་ཁུལ་འགྲིགས་འཇགས་བྱུང་བར་ངོ་རྒོལ་གྱི་བཀའ་ཁྲོལ་ཞུ་དགོས་དོན་ཆགས་མེད་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་འདུག རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ རྒྱལ་ས་པེ་ཅིང་ནས་གཞུང་ཕྱོགས་ཀྱི་དམ་བསྒྲགས་བཀག་འགོག་ལ་རྐྱེན་པས་ རྒྱ་ནག་མང་ཚོགས་ཁྲོད་ནས་ངོ་རྒོལ་གྱི་རྣམ་པ་ཕྱིར་འདོན་བྱུང་མེད་ནའང་ བོད་དོན་ཐད་ནས་ བོད་རང་བཙན་སློབ་ཕྲུག་ཚོགས་པས་ པེ་ཅིང་ཨོ་ལིམ་པིག་རྩེད་ཐང་ཆེན་མོའི་ཉེ་འཁོར་རུ་བོད་རང་དབང་གི་ཕྲེད་དར་བསྒྲེངས་འཛུགས་བྱས་པ་སོགས་ངོ་རྒོལ་གྱི་ལས་འགུལ་སྣེ་མང་སྤེལ་སྟེ་ རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་དང་དྲག་གནོན་གྱི་བྱ་སྤྱོད་བྱེད་ཀྱི་ཡོད་སྐོར་དྲིལ་བསྒྲགས་ཁྱབ་སྤེལ་ཤུགས་ཆེ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎