བོད་ཐོག་འཛིན་པའི་སྲིད་ཇུས་ལ་དག་སྐྱེལ།

རྒྱ་ནག་གི་སྲིད་བློན་ནས་༸གོང་ས་མཆོག་གིས་བོད་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱས་ཚེ་སྐུའི་སྐུ་ཚབ་ལྷན་གྲོས་མོལ་སྒོ་མོ་འབྱེད་ཡོད་བཤད།

2009.03.13

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་མཇུག་སྒྲིལ་བའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་ཡིས་༸གོང་ས་མཆོག་གིས་བོད་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱས་པ་ཡིན་ཚེ་ཏཱ་ལའི་བླ་མའི་སྐུ་ཚབ་ལྷན་དུ་གྲོས་མོལ་བྱ་རྒྱུའི་སྒོ་མོ་འབྱེད་ཡོད་ཅེས་བཤད་ཡོད་པ་རེད།

གསར་འགོད་པའི་ཁྲོད་ནས་སྲིད་བློན་ལྦན་ཅ་པའོ་ལ་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དམག་དཔུང་འགྲེམས་འཇོག་བྱས་ཡོད་པ་དེ་ཡིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ལམ་ལྷོང་ཡོང་གི་མེད་པ་རེད་དམ་ཅེས་བཀའ་འདྲི་ཞུས་པར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ནི་འགྲིག་པ་ཞིག་དང་བོད་ཀྱི་ས་ཁུལ་ནང་ཞི་བདེ་དང་བརྟན་ལྷིང་དུ་གནས་ཡོད།གལ་ཏེ་ཏཱ་ལའི་བླ་མའི་སྐུ་ཚབ་ལྷན་དུ་མུ་མཐུད་གྲོས་མོལ་བྱ་རྒྱུར་ཏཱ་ལའི་བླ་མའི་ཕྱོགས་ནས་ངེས་པར་དུ་ལྷག་བསམ་རྣམ་དག་ཡིན་པའི་ཡིད་ཆེས་སྐྲུན་ཐུབ་པ་ཡིན་ཚེ་གྲོས་མོལ་ལ་དོན་སྙིང་ལྡན་པའི་གྲུབ་འབྲས་ཐོན་གྱི་རེད་ཅེས་ལན་འདེབས་བྱས་ཡོད་པ་རེད། རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་གྲོས་མོལ་མུ་མཐུད་བྱ་རྒྱུར་བཙན་བྱོལ་བོད་གཞུང་ཕྱོགས་ནས་དུས་རྟག་ཏུ་སྒོ་མོ་ཕྱེ་ཡོད་ཅེས་གསུང་པ་དང་དེ་རིང་༸གོང་ས་མཆོག་གི་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིན་འཛིན་ལགས་ཀྱིས་ཞལ་པར་བརྒྱུད་རོའུ་ཀྲར་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་ཡིས་བཀའ་མོལ་ག་རེ་གནང་མིན་ལ་མ་ལྟོས་པར་ང་ཚོ་བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་ནག་གི་དཔོན་རིགས་ལྷན་དུ་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་གནས་ཚུལ་གསལ་པོ་བཤད་ཟིན་པ་རེད་ཅེས་འགྲེལ་བརྗོད་གནང་བ་མ་ཟད་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་ཡི་གསུང་པའི་བཀའ་མོལ་དེར་ང་ཚོས་དགའ་བསུ་ཞུ་དགོས་པ་ཞིག་ཡིན་པ་དང་ང་ཚོའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་གྲོས་མོལ་གནང་བར་དུས་ཚོད་ག་དུས་ཕེབས་རྒྱུར་དུས་རྟག་ཏུ་གྲ་སྒྲིག་ཡིན་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎