རྒྱ་ནག་གིས་ག་རྡ་ཕིར་གོ་མཚོན་ཚོང་གྱུར་བྱས་པའི་གནས་ཚུལ།

དེ་སྔོན་རྒྱ་མིའི་གོ་མཚོན་ཁེ་གཉེར་ལས་ཁང་ཁག་ཅིག་གིས་ལི་བི་ཡའི་འགོ་ཁྲིད་ག་རྡ་ཕིའི་དཔུང་དམག་གི་སྐུ་ཚབ་མཉམ་གྲོས་མོལ་བྱས་འདུག

2011.09.05

༄༅༎རྒྱ་ནག་གིས་ལི་བི་ཡའི་འགོ་ཁྲིད་ག་རྡ་ཕི་ལ་གོ་མཚོན་ཚོང་གྱུར་བྱས་པའི་གནས་ཚུལ་ཐོན་པ་དེའི་ཐད། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་རྒྱ་ནག་གཞུང་གི་ཤེས་རྟོགས་མེད་པར་ ཕྱི་ཟླ་༧པའི་ནང་རྒྱ་མིའི་གོ་མཚོན་ཁེ་གཉེར་ལས་ཁང་ཁག་ཅིག་གིས་ ལི་བི་ཡའི་འགོ་ཁྲིད་ག་རྡ་ཕིའི་དཔུང་དམག་གི་སྐུ་ཚབ་མཉམ་གྲོས་མོལ་བྱས་ཡོད་སྐོར་དེ་རིང་བརྗོད་འདུག།

རྒྱ་ནག་གིས་དེ་ལྟར་ཁས་ལེན་བྱས་པ་དེས་ རྒྱ་ནག་དང་ག་རྡ་ཕི་ཕྱིར་འབུད་གཏོང་མཁན་ ལི་བི་ཡའི་གྱེན་ལོག་ཤོག་ཁག་དབར་འབྲེལ་བ་དེ་ཙམ་ཡག་པོ་མེད་པ་དེ་ད་དུང་སྡུག་ཏུ་འགྲོ་སྲིད་པ་ཞིག་རེད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ ལི་བི་ཡར་གོ་མཚོན་ཚོང་གྱུར་བྱེད་མ་ཆོག་པའི་དམ་བསྒྲགས་གནང་བཞིན་དུ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་ག་རྡ་ཕིའི་དཔུང་དམག་ལ་ཌོ་ལར་ས་ཡ་༢༠༠ཙམ་གྱི་མེ་ཤུགས་འཕུར་མདེལ་གྱི་སྟེགས་བུ་དང༌། མཚོན་ལྡན་ལྕགས་ཁྲབ་དམག་འཁོར་གཏོར་ཐུབ་པའི་གོ་མཚོན་སོགས་གོ་མཚོན་ཕོན་ཆེ་ཞིག་ཚོང་གྱུར་བྱ་རྒྱུའི་ཚོང་འབྲེལ་གྱི་ཡིག་ཆ་མང་པོ་ཞིག ལི་བི་ཡའི་རྒྱལ་ས་ཀྲིརི་པོ་ལི་ནང་ཐོན་པའི་གནས་ཚུལ་ ཕྱི་རྒྱལ་གསར་ཤོག་Globe and Mail དང་New York Times གཉིས་ནང་ཐོན་པ་དེ་བདེན་པ་ཡིན་སྐོར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་ཡོད་པ་རེད།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ཅིའང་ཡུའུ་ཡིས་ག་རྡ་ཕི་གཞུང་གི་ལས་བྱེད་པ་ཁག་ཅིག་རྒྱ་ནག་འབྱོར་ནས་རྒྱ་ནག་གཞུང་གི་ཤེས་རྟོགས་རྩ་བ་ནས་མེད་པའི་ཐོག་ནས་རྒྱ་མིའི་གོ་མཚོན་བཟོ་གྲྭའི་དཔོན་རིགས་མཉམ་གྲོས་མོལ་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་ཏེ། རྒྱ་མི་བཟོ་ཚོང་ལས་ཁང་དེ་ཚོས་སྐད་ཆ་བཤད་པ་མ་གཏོགས་གོ་མཚོན་ཚོང་གྱུར་གྱི་མཐུན་གྲོས་ཐོག་མིང་རྟགས་བཀོད་མེད་པ་མ་ཟད། ལི་བི་ཡ་ལ་དམག་དོན་ཡོ་ཆས་རིགས་ཕྱིར་ཚོང་བྱས་མེད་སྐོར་བརྗོད་འདུག།

འོན་ཀྱང་ལི་བི་ཡའི་གྱེན་ལོག་ཤོག་ཁག་གི་དམག་དོན་མགྲིན་ཚབ་པ་ཨབ་རྡུལ་རའ་མའན་སྦུ་སིན་གྱིས་ནིའུ་ཡོག་དུས་བབ་གསར་ཤོག་ལ། རྒྱ་ནག་དང་ག་རྡ་ཕི་དབར་གོ་མཚོན་ཚོང་གྱུར་གྱི་ལས་དོན་བྱེད་བཞིན་ཡོད་པའི་དཔང་རྟགས་གསལ་པོ་ཡོད་ཅེས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎