རྒྱ་ནག་ཏུ་ལྐོག་ཟ་རུལ་སུངས་འགོག་རྒྱུའི་ཡིག་ཆ།
2010.12.29
༄༅༎རྒྱ་ནག་ནང་དེང་སྐབས་དཔལ་འབྱོར་འཕེལ་རྒྱས་ཧ་ཅང་མྱུར་པོ་འགྲོ་བཞིན་པ་དང་དུས་མཉམ་དུ་རུལ་སུངས་དང་ལྐོག་ཟའི་བྱ་སྤྱོད་གས་ཀྱང་རིམ་འཕེལ་འགྲོ་བཞིན་པའི་ཐད་རང་དབང་ཅན་གྱི་ཁྲིམས་ཁང་གིས་མིན་པར་རྒྱ་ནག་གི་དམར་ཤོག་ཚོགས་པ་ཁོ་ནས་བཀག་འགོག་བྱེད་ཐུབ་ཀྱི་རེད་ཅེས་རྒྱ་ནག་གི་དམར་ཤོག་ཚོགས་པས་དེ་རིང་ཤོག་གྲངས་༣༩བྱས་པའི་ཆབ་སྲིད་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པའི་བརྒྱུད་དྲིལ་བསྒྲགས་བྱས་ཡོད་པ་རེད་
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་པའི་བག་ཆགས་ལ་བརྟེན་ནས་གཞུང་གི་དཔོན་རིགས་ཚོས་སོ་སོའི་དབང་ཆ་བེད་སྤྱོད་བཏང་སྟེ་སྒེར་གྱི་ཁེ་ཕན་གྲུབ་ཐབས་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་ཐད་ལ་རྒྱ་ནག་གི་རྒྱ་ཆེའི་མི་མང་ཁྲོད་ལ་ཁོང་ཁྲོའི་རྣམ་འགྱུར་དང་ སྐྱོན་བརྗོད་བྱས་དང་བྱེད་བཞིན་པའི་ལན་དུ་རྒྱ་ནག་གི་དམར་ཤོག་ཚོགས་པས་གཞུང་གི་དཔོན་རིགས་ཚོའི་ལྐོག་ཟ་དང་རུལ་སུངས་ཀྱི་ཀུན་སྤྱོད་ཐོག་བཏང་འཛིན་ནན་པོ་བྱེད་ཀྱི་ཡིན་ཞེས་ཁས་ལེན་ལན་མང་བྱས་ཡོད་པ་རེད་ འོན་ཀྱང་དཀའ་རྙོག་དེ་ལས་སླ་པོའི་ཐོག་ནས་ལམ་སེང་བཀག་འགོག་ཐུབ་ཡག་མེད་པ་ཡིན་པ་དམར་ཤོག་ཚོགས་པས་དེ་རིང་བཏོན་པའི་ཡིག་ཆ་དེའི་ནང་བཀོད་ཡོད་པ་རེད་ རྒྱ་ནག་གི་མི་མང་ཁྲོད་ནས་རྒྱ་ནག་ནང་རུལ་སུངས་དང་ལྐོག་ཟ་སོགས་ཁྲིམས་འགལ་ཅན་གྱི་བྱ་སྤྱོད་རིགས་འགོག་ཐབས་སླད་རང་དབང་ཅན་གྱི་ཁྲིམས་ཁང་ཞིག་མེད་པའི་ཉེར་ལེན་ལ་ཐུག་གི་ཡོག་རེད་ཅེས་ཤོད་བཞིན་པ་ཡིན་པ་རེད་ འོན་ཀྱང་དམར་ཤོག་ཚོགས་པ་ནི་རྒྱ་ནག་གཞུང་སྲིད་སྐྱོང་མཁན་ཡིན་ཙང་རུལ་སུངས་དང་ལྐོག་ཟ་སོགས་ཁྲིམས་འགལ་ཅན་གྱི་བྱ་སྤྱོད་དེ་ཚོའི་ཐོག་རྒྱ་ནག་གི་དམར་ཤོག་ཚོགས་པ་གཅིག་པུས་བཏང་འཛིན་དང་ ཁ་གཏད་གཅོག་ཐབས་བྱེད་ཀྱི་རེད་ཞེས་ཤོག་གྲངས་༣༩བྱས་པའི་དམར་ཤོག་ཚོགས་པའི་ཆབ་སྲིད་ཁྱབ་བསྒྲགས་ཀྱི་ཡིག་ཆའི་དེའི་ནང་གསལ་བཤད་བྱས་ཡོད་པ་རེད།