འདི་ལོ་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་བཞི་ཙམ་བྱུང་ལུགས།

འདས་པའི་ཟླ་གྲངས་དགུའི་ནང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་བཞི་དང་ཚེག་༧༥བྱུང་ཡོད་ལུགས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་འདུག

2009.10.14

༄༅༎སྔར་ལོ་བོད་ཆོལ་ཁ་གསུམ་གྱི་ནང་གཞི་རྒྱ་ཆེ་བའི་ཞི་རྒོལ་བྱུང་བར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་པ་མ་ཟད་ཕྱི་རྒྱལ་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་ནང་འགྲོ་འོང་བཀག་སྡོམ་ནན་པོ་བྱས་པ་དེ་ལྟར་ཡང་འདས་པའི་ཟླ་གྲངས་དགུའི་ནང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་བཞི་དང་ཚེག་༧༥བྱུང་ཡོད་ལུགས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་འདུག ཡང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ཕོན་ཆེ་སླེབས་ཏེ་ཁྱོན་ཡོང་འབབ་ཨ་སྒོར་ས་ཡ་༥༨༠ཙམ་བྱུང་ཡོད་སྐོར་ས་གནས་ཡུལ་སྐོར་སྤྲོ་འཆམ་ཚན་པའི་འགན་འཛིན་གཞོན་པ་ལྦང་སུང་ཕིང་གིས་གསལ་བསྒྲགས་བྱས་འདུག རྒྱ་ནག་གཞུང་གི་མི་སྣ་དེས་དྲིལ་བསྒྲགས་བྱས་དོན་ལྟར་ན་གོང་ཞུས་དངུལ་འབོར་ཆེན་པོ་དེའི་ཆ་ཤས་བོད་རིགས་ཁྱིམ་ཚང་ཁྲི་གཅིག་ཙམ་ལ་ཡོང་འབབ་བྱུང་ཡོད་ལུགས་བརྗོད་འདུག ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་འགོ་བཙུགས་ཀྱིས་བོད་ཆོལ་ཁ་གསུམ་གྱི་ནང་རྒྱ་ནག་གཞུང་ལ་ཞི་རྒོལ་བྱུང་བར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་ཏེ་མི་གྲངས་ཉི་ཤུ་རྩ་གཉིས་ཙམ་རྐྱེན་འདས་སུ་གྱུར་ལུགས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་བཙན་བྱོལ་བོད་གཞུང་གིས་བོད་རིགས་མི་གྲངས་ཉིས་བརྒྱ་བཅོ་བརྒྱད་རྐྱེན་ལམ་དུ་གྱུར་པ་དང་ཆིག་སྟོང་ཉིས་བརྒྱ་དགུ་བཅུར་རྨས་སྐྱོན་ཕོག་པ། མི་གྲངས་དྲུག་སྟོང་བདུན་བརྒྱ་བཅུ་མེད་ལྔ་བཙོན་འཇུག་དོ་དམ་འོག་ཚུད་པའི་བསྡོམས་ཐོ་བཏོན་གནང་ཡོད་པ་མ་ཟད་བོད་རིགས་རྐྱེན་འདས་སུ་གྱུར་པའི་མིང་དང་རང་ལོ། ཁྱིམ་ཚང་སོགས་ཐོ་བཀོད་གནང་བའི་ཡིག་ཆ་འགྲེམས་སྤེལ་གནང་ཡོད་པ་རེད། གང་ལྟར་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་འགྲོ་བཞིན་པ་དངོས་ཡོད་གནས་ཚུལ་ཡིན་ངེས་ཀྱང་བོད་རིགས་ལ་ཁེ་ཕན་བྱུང་ལུགས་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཡིན་པ་རེད། འདི་ལོ་ཕྱི་ཟླ་བདུན་པ་ནས་འགོ་བཙུགས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་འགྲུལ་སྐྱེལ་གནམ་གྲུ་བོད་ཀྱི་རྒྱལ་ས་ལྷ་ས་བར་ཐད་ཀར་གཏོང་གི་ཡོད་སྟབས་འགྲུལ་བཞུད་འགོར་ཡུན་ཆུ་ཚོད་གཉིས་ཙམ་ཉུང་དུ་ཕྱིན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎