ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་འཚམས་གཟིཌ་རྗེས་འབྲེལ་སྐོར།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡི་ད་ཐེངས་ཀྱི་རྒྱ་ནག་གི་གཟིགས་བསྐོར་དེས་རྒྱ་ནག་གི་བློ་ལྷོད་པོ་བཟོས་སྐོར་རྒྱ་གཞུང་གིས་གནས་ཚུལ་བཀོད་ཡོད་པ་རེད།

2009.02.23

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་ཡི་ད་ཐེངས་ཀྱི་རྒྱ་ནག་གི་གཟིགས་བསྐོར་དེས་རྒྱ་ནག་གི་བློ་ལྷོད་པོ་བཟོས་སྐོར་རྒྱ་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་བཀོད་ཡོད་པ་རེད།

དེ་ཡང་རྒྱ་གཞུང་གི་དབྱིན་ཡིག་གི་རྒྱ་ནག་ཉིན་རེའི་གསར་ཤོག་ཅེས་པའི་ནང་ཆེད་རྩོམས་ཤིག་སྤེལ་བའི་ནང་ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཡི་རྒྱ་ནག་གི་གཟིགས་བསྐོར་དེས་རྒྱ་ནག་ལ་བློ་བདེ་པོ་བྱུང་བའི་སྐོར་བྲིས་ཡོད་པ་རེད། རྒྱ་ནག་གུང་བྲན་ཏང་གི་འགོ་འཁྲིད་ཚོས་ཉེ་སྔོན་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་སྦ་རཀ་ཨོ་སྦ་མ་མཆོག་ལ་ཐོབ་གནང་སྐབས་ཁོང་གི་གཞུང་གསར་པ་དེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་འབྲེལ་གྱི་གནད་དོན་ཐོག་གནོན་ཤུགས་སྤྲོད་པའི་ཉེན་ཁ་མཐོང་ཡང་ད་ཐེངས་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཡི་གཟིགས་བསྐོར་དེའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་ཙམ་ཡང་མ་གནང་བ་དང་ཡུལ་གཉིས་བར་མཐུན་འབྲེལ་གང་གཟབ་གནང་རྒྱུའི་བཀའ་མོལ་གནང་བ་དེས་རྒྱ་ནག་གུང་བྲན་ཏང་གི་འགོ་འཁྲིད་རྣམས་བློ་བདེ་པོ་བྱུང་ཡོད་པ་རེད། ཡིན་ནའང་ཧི་ལ་རི་ཡིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེས་ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་གྱི་དཀའ་རྙོག་སེལ་རྒྱུའི་གནད་དོན་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་བཅས་པར་དོ་ཕོག་འཐེབ་བཅུག་གི་མིན་ཞེས་པའི་བཀའ་མོལ་གསུང་བབ་དེས་རྒྱ་ནག་ནང་དང་ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་ཨ་རི་དང་རྒྱ་ནག་བར་རྩོད་རྙོག་ཡོད་པའི་རྒྱ་གཞུང་གིས་ཡུལ་གྱི་དངུལ་གྱི་འཛའ་ཐང་ཐོག་གང་བྱུང་བཟོ་བཅོས་བྱེད་པ་དང་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་གྱི་གནད་དོན་བཅས་པའི་སྐོར་གླེང་སློང་གནང་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎