གློད་བཀྲོལ་བཏང་ཡང་ཕ་ཡུལ་ནས་ཐག་རིང་ལ་བསྐྱོད་མི་ཆོག་པ།


2015.01.14

ཉེ་ཆར་འཇུ་བཟུང་བྱས་བའི་སྟོབས་རྒྱལ་ལགས་གློད་བཀྲོལ་བཏང་ཡང་རང་གི་གྲོང་ཚོ་ནས་ཐག་རིང་ལ་འགྲོ་མི་ཆོག་པའི་དམ་བསྒྲགས་བྱེད་མུས་ཡིན་འདུག  
དེ་ཡང་ལ་སྟོད་དིང་རི་ཁུལ་ནས་ཡིན་པ་རང་ལོ་༢༣་ཅན་སྟོབས་རྒྱལ་ལགས་སྔ་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཨར་ལས་བྱེད་ས་ཞིག་ནས་ས་གནས་རྒྱ་མིའི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་པ་དང་། འདི་ཟླའི་ཚེས་༡༢ཉིན་སྟོབས་རྒྱལ་ལགས་ལྷ་ས་ནས་དིང་རི་ཁུལ་གྱི་རྒྱ་མིའི་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་དང་། དེ་ནས་ཕྱི་ཚེས་༡༣་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་ཡོལ་ཙམ་ལ་ཁོང་ལ་ཆ་རྐྱེན་ཁག་གཅིག་བཏོན་ནས་གློད་བཀྲོལ་བཏང་ན་ཡང་ཁོང་རང་གི་གྲོང་ཚོ་ནས་ཐག་རིང་ལ་འགྲོ་བསྐྱོད་མི་ཆོག་པ་སྤྱི་དང་། ལྷག་དོན་དུ་ལྷ་ས་དང་གཞི་ཀ་རྩེ་སོགས་ལ་འགྲོ་བསྐྱོད་མི་ཆོག་པའི་བཀའ་རྒྱ་དམ་པ་དང་གལ་ཏེ་བཀོད་སྒྲིག་བྱས་པའི་ཆ་རྐྱེན་དེ་དག་དང་འགལ་ཚེ་ཡང་བསྐྱར་འཛིན་བཟུང་བཀག་ཉར་བྱ་རྒྱུའི་ཐ་ཚིག་ཀྱང་བཏང་འདུག
སྔ་ལོའི་ཕྱི་ཟླ་༡༢་པའི་ནང་རྒྱལ་ས་ལྷ་ས་ནས་སྟོབས་རྒྱལ་ལགས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱེད་སྐབས་རྒྱུ་མཚན་གང་ལ་བརྟེན་ནས་ཡིན་མིན་སུས་ཀྱང་ཤེས་རྟོགས་བྱུང་མེད་རུང་ད་ཆ་ཁོང་གློད་བཀྲོལ་ཐོབ་སྟབས་རྒྱུ་མཚན་ཤེས་རྟོགས་བྱུང་བར་གཞིགས་ན་ཁོང་གི་ལག་ཁྱེར་ཁ་པར་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གཙོ་བོར་གྱུར་བའི་འདྲ་པར་མང་པོ་ཡོད་པ་དང་། སྐད་འཕྲིན་བརྒྱུད་ནས་བལ་ཡུལ་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འབྲེལ་བ་བྱས་པ། སྐད་འཕྲིན་ཐོག་ཆབ་སྲིད་དང་འབྲེལ་བའི་པར་རིགས་སྣ་ཚོགས་བཞག་པ། ཆབ་སྲིད་དང་འབྲེལ་བའི་རྩོམ་རིགས་ཁྱབ་སྤེལ་བྱས་པ་ཁག་རྒྱ་ནག་རྒྱལ་ནང་གི་ཆབ་སྲིད་དང་འགལ་ཟླ་ཡིན་སྐོར་ནག་ཉེས་ཀྱང་བཙུགས་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

འབྲེལ་ཡོད་གནས་ཚུལ་གཤམ་གསན་རོགས།

གསར་འགོད་པ་ལྕགས་མོ་འཚོ།

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎