རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་ལ་རྒྱ་ནག་གིས་ངོས་ལེན་བྱས་མེད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པའི་སྙན་ཐོ་བཏོན་པ་དེར་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག

2008.11.23

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པའི་སྙན་ཐོ་བཏོན་པ་དེར་ངོས་ལེན་མེད་ལུགས་གཏམ་བཤད་སྤེལ་འདུག

ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་འབྲེལ་ཡོད་ཚན་པས་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གི་ཉེན་རྟོག་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པའི་ཁོངས་སུ་དེ་སྔ་ཕྱི་ལོ་༡༩༨༩ལོར་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་དེའི་སྐབས་སྡུག་རྩུབ་བྱེད་སྟངས་དང་དེང་སང་ཡང་ཉེན་རྟོག་པས་དོགས་གཞི་ཅན་གྱི་མི་སྣ་འཛིན་བཟུང་བྱས་པའི་འོག་གནས་ཚུལ་བཏོན་རྒྱུའི་ཆེད་ཚད་ལས་བརྒལ་བས་སྡུག་སྦྱོང་གཏོང་གི་ཡོད་པའི་གནས་ཚུལ་དང་དེ་བཞིན་བོད་ནང་འདི་ལོའི་ཕྱི་ཟླ་གསུམ་པའི་དོན་རྐྱེན་འོག་བོད་མི་བརྒྱ་ལྷག་ཙམ་ཚེ་སྲོག་ཤོར་ཡོད་པ་དང་བརྒྱ་ཕྲག་འགའ་ཤས་འཛིན་བཟུང་བྱས་པའི་གནད་དོན་བཙན་བྱོལ་བོད་གཞུང་གིས་གསུངས་ཀྱི་ཡོད་པ་སོགས་ལུང་འདྲེན་བྱས་པ་གངལྟར་རྒྱ་ནག་གཞུང་ནས་ཡར་རྒྱས་གཏོང་དགོས་ངེས་གསུངས་ཡོད་པ་རེད། འོན་ཀྱང་དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་གང་གིས་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེས་སྙན་ཐོ་བཏོན་པའི་གནས་ཚུལ་རྣམས་ཁུངས་བདེན་རྩ་བ་ནས་མེད་པའིགནས་ཚུལ་རེད་ལ་དེ་ནི་རྒྱ་ནག་ལ་དཱངས་ཟུག་བྱས་པའི་ངན་བྱུས་ཤིག་ཡིན་ལུགས་སྐྱོན་བརྗོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་བཏོན་པ་དེར་ངོས་ལེན་མེད་ལུགས་གཏམ་བཤད་སྤེལ་ཡོད་པ་རེད།

སྔ་ལོ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་ཀྱང་ལོ་འཁོར་སྙན་ཐོ་བཏོན་པ་དེའི་ནང་དུའང་དེ་སྔ་ཕྱི་ལོ་༡༩༨༩ལོར་གནམ་བདེ་སྒོ་མོ་ཕྱེའི་ཐང་ཆེན་གྱི་དོན་རྐྱེན་འོག་ནས་འཛིན་བཟུང་བྱས་པའི་མང་གཙོ་དོན་གཉེར་བ་ཁག་ཅིག་ད་ལྟའང་བཙོན་ཁང་ནང་ཡོད་པ་མ་ཟད་བརྒྱ་ཕྲག་མང་པོ་དམར་བསད་བཏང་བའི་གནས་ཚུལ་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎