པེ་ཅིང་དུ་ཞུ་འབོད་བྱེད་མཁན་རྒྱ་མི་བརྒྱད་འཛིན་བཟུང་བྱས་པ།

བདེ་སྡུག་ཞུ་མཁན་གྱི་མི་བརྒྱད་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ད་ལྟ་མི་བརྒྱད་པོ་དེ་རྣམས་ཀྱི་གནས་སྟངས་སྐོར་གསལ་པོ་ཤེས་རྟོགས་མེད་པ།

2009.02.06

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དབུས་གཞུང་གི་ལས་ཁུངས་མདུན་རྒྱ་མི་རིགས་ཁག་ཅིག་གིས་དཀའ་ངལ་བདེ་སྡུག་ཞུ་འབོད་བྱེད་པའི་སྐབས་རྒྱ་མིའི་ཉེན་རྟོག་པས་ཉུང་མཐར་མི་བརྒྱད་འཛིན་བཟུང་བྱས་ཡོད་ཅིང་དེ་ནི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བསྐྱར་ཞིབ་བྱ་རྒྱུའི་དུས་ཚོད་ཟིན་པར་ཉིན་གྲངས་གསུམ་ལས་མེད་པའི་སྐབས་དེར་རྒྱ་མི་རིགས་ཁག་ཅིག་གིས་རྒྱ་ནག་དབུས་གཞུང་ལ་བདེ་སྡུག་ཞུ་བར་རྒྱལ་ས་པེ་ཅིང་དུ་སླེབས་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་ས་ཕྱོགས་ཁག་ནས་མི་གྲངས་སུམ་ཅུ་ཙམ་ཞིག་གིས་རྒྱ་ནག་དབུས་གཞུང་གིས་ཁོང་ཚོའི་དཀའ་སྡུག་འདྲ་མིན་དང་ལྷག་པར་དུ་ས་གནས་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ལ་རོགས་ཕན་ཞིག་གནང་བའི་རེ་བ་ཆེན་པོ་བྱས་ཏེ་རྒྱལ་ས་པེ་ཅིང་དུ་བདེ་སྡུག་ཞུ་བར་སླེབས་ཡོད་ཅིང་དེའི་ནང་ནས་མི་བརྒྱད་ཀྱིས་ཟུར་ཏུ་རེས་གཟའ་པ་སངས་ཀྱི་སྔ་དྲོ་རྒྱལ་ས་པེ་ཅིང་གི་བློན་ཆེན་ལྷན་ཁང་གི་མདུན་དུ་བདེ་སྡུག་ཞུ་བའི་ལས་འགུལ་སྤེལ་བའི་སྐབས་ཁོང་ཚོའི་མཐའ་སྐོར་དུ་ཉེན་རྟོག་པ་དང་ཉེན་རྟོག་པའི་མོ་ཊ་བཅས་རྟོགས་ཞིབ་བྱས་ཏེ་བསྡད་ཡོད་པ་རེད། ངོ་རྒོལ་བྱེད་མཁན་ཚོའི་ནང་ནས་ཁག་ཅིག་གིས་ངོ་རྒོལ་གྱི་རས་དར་འཁྱེར་ཡོད་ཀྱང་དངོས་སུ་འགྲེམས་འཇོག་བྱས་མེད་པ་དང་དེའི་ནང་ནས་མི་གཅིག་གིས་ང་རྒྱ་ནག་རྒྱལ་ཁབ་ལ་དགའ་ཞེན་ཡོད།རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་ཞེས་བཤད་ཡོད་ཅིང་དེའི་བར་ན་མི་གཅིག་གིས་རྒྱ་ཡིག་ཐོག་དྲང་བདེན་མེད་པ་ཞེས་བྲིས་པའི་རས་དར་ཞིག་འཁྱེར་ཡོད་པ་རེད། མཐར་བདེ་སྡུག་ཞུ་མཁན་གྱི་མི་བརྒྱད་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ད་ལྟ་མི་བརྒྱད་པོ་དེ་རྣམས་ཀྱི་གནས་སྟངས་སྐོར་གསལ་པོ་ཤེས་རྟོགས་མེད་པ་དང་ཨེ་པི་གསར་འགོད་པས་དེ་རིང་དོན་རྐྱེན་དེ་ཐོན་མ་ཐག་པེ་ཅིང་གི་སྤྱི་དམངས་བདེ་འཇགས་ལས་ཁང་ཨ་མར་ཨལ་པར་ཐོག་འདྲི་རྩད་བྱས་ཀྱང་ལན་འདེབས་བྱེད་མཁན་བྱུང་མེད་པ་རེད། ད་རེས་ཀྱི་རྒྱ་མིའི་ཉེན་རྟོག་པས་མི་བརྒྱད་འཛིན་བཟུང་བྱས་པའི་དོན་རྐྱེན་དེ་ནི་སྤྱིར་བཏང་ཞིག་མིན་པ་དང་རྒྱ་ནག་གཞུང་གིས་སྤྱི་ཚོགས་ཐོག་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་བཞིན་རེས་གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་རྒྱུའི་ལས་དོན་འགོ་བཙུགས་གནང་ཡོད་པའི་སྐབས་དེར་བྱུང་བ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎