རྒྱ་ནག་གཞུང་གིས་ས་ཞིང་བཙན་འཕྲོག་བྱས་པར་ངོ་རྒོལ།
2011.12.12
༄༅༎ཉེ་སྔོན་ཕྱི་ཟླ་༩པའི་ནང་གཞུང་གི་ས་ཞིང་བཙན་འཕྲོག་བྱས་པར་ཞིང་པ་ཚོས་ངོ་རྒོལ་ཤུགས་ཆེ་བྱ་ཡུལ་རྒྱ་མིའི་གྲོང་གསེབ་ཅིག་ཐོག་ཉེན་རྟོག་པས་ཉིན་གྲངས་མང་པོའི་རིང་དམ་བསྒྲཌ་བྱས་ཡོད་པར་བརྟེན། ད་ཆ་གྲོང་གསེབ་དེའི་ནང་གནས་འཕྲིན་དྲ་རྒྱའི་ཐོག་བཀག་འགོག་དང་མང་ཚོགས་ལ་བཟའ་ཆ་མི་འདེང་བའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་ས་གནས་ཡུལ་མི་ཚོས་དེ་རིང་བརྗོད་འདུག།
ཞིང་པ་ཚོས་བརྗོད་ན་རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ཁྱབ་ཁོངས་ལྦུ་ཀན་གྲོང་གསེབ་གྱི་ཞིང་པ་ཚོས་བརྗོད་ན། ཉེ་སྔོན་ཕྱི་ཟླ་དགུ་པའི་ནང་རྒྱ་གཞུང་གིས་ས་ཞིང་བཙན་འཕྲོག་བྱས་པར་ངོ་རྒོལ་བྱེད་སྐབས་འཛིན་བཟུང་བྱས་པའི་ཞིང་པ་ཤུའེ་ཅིན་བོ་ལ་ཉེན་རྟོག་པས་ཉེས་རྡུང་བཏང་ནས་བཙོན་ཁང་ནང་ནད་གཅོང་ཆགས་ཏེ་། རྗེས་སུ་སྨན་ཁང་དུ་རྐྱེན་འདས་སུ་ཕྱིན་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པར་འཛིན་སྐྱོང་དཔོན་རིགས་ཚོས་ངོས་ལེན་བྱེད་ཀྱི་མེད་པ་རེད། ལྦུ་ཀན་གྲོང་གསེབ་ནང་ཉེ་སྔོན་རྒྱ་གཞུང་གིས་ས་ཞིང་བཙན་འཕྲོ་བྱས་པར་ས་གནས་མང་ཚོགས་བརྒྱ་ཕྲག་མང་པོ་ཁོང་ཁྲོ་ལངས་ནས་ཁུལ་དེའི་ཉེན་རྟོག་ལས་ཁུངས་ཐོག་གཏོར་རྐྱོན་བཏང་ནས་འགྲུལ་འཁོར་མང་པོ་ལྕགས་ཅོར་བྱས་ཡོད་པ་རེད།