རྒྱ་གཞུང་ཉེན་རྟོག་པས་རྔ་བ་ཀིརྟི་དགོན་པའི་གྲྭ་བསོད་ནམས་དཔལ་ལྡན་བཙན་ཁྲིད་བྱས་ཡོད་པ།


2019.10.04
རྒྱ་གཞུང་ཉེན་རྟོག་པས་རྔ་བ་ཀིརྟི་དགོན་པའི་གྲྭ་བསོད་ནམས་དཔལ་ལྡན་བཙན་ཁྲིད་བྱས་ཡོད་པ། རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་རྒྱ་གཞུང་ཉེན་རྟོག་པས་དགོན་པ་ནས་བཙན་ཁྲིད་བྱས་ཡོད་འདུག་ཀྱང་ད་ལྟ་གར་ཡོད་ཤེས་རྟོགས་མེད་པ་རེད་འདུག
ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་ཉམས་ཞིབ་པ་ཀ་ཉག་ཚེ་རིང་།

༄༅།།གནས་ཚུལ་འདི་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་ཉམས་ཞིབ་པ་ཀ་ཉག་ཚེ་རིང་ལགས་ཀྱི་མཚན་ཐོག་ནས་ཕྱིར་བསྒྲགས་གནང་ཞིང་། ཁོང་གིས་གནས་ཚུལ་བོད་ནས་༢༠༡༩ ཟླ་ ༡༠ ཚེས་ ༣ ཉིན་འབྱོར་བ་དང་། དེ་གཞིར་བཟུང་ལྟར་ན་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན། རང་ལོ་ ༢༢ ཡིན་པ་ཁོང་རྒྱ་གཞུང་གི་ཉེན་རྟོག་པས་དགོན་པའི་ནང་ནས་བཙན་ཁྲིད་བྱས་འདུག  འོན་ཀྱང་ཁོང་ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་མེད་པ་རེད་འདུག་ལ། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཡང་གསལ་པོ་ཤེས་རྟོགས་མེད་པ་འགྲེལ་བརྗོད་གནང་འདུག  འོན་ཀྱང་འཛིན་བཟུང་བྱས་པའི་གྲྭ་བསོད་ནམས་དཔལ་ལྡན་ལགས་ངོ་ཤེས་མཁན་བོད་ནང་ཡོད་པའི་བོད་མི་ཞིག་གིས། བསོད་ནམས་དཔལ་ལྡན་ལགས་ཀྱི་སྐད་འཕྲིན་བར་སྟོང་ལ་བོད་ཀྱི་སྐད་ཡིག་གི་ཉམ་ང་བའི་གནས་སྟངས་སོགས་ཀྱི་རྩོམ་ཐུང་རེ་བྲིས་ནས་བཞག་ཡོད་པ་དེས་ཡིན་སྲིད་པའི་ཚོད་དཔག་གནང་འདུག
ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་ཉམས་ཞིབ་ཁང་གི་གནས་ཚུལ་སྤེལ་བ་དེའི་ནང་། བསོད་ནམས་དཔལ་ལྡན་ལགས་ནི་ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་གནང་པ་དང་། ཕ་ཡུལ་རྔ་བ་རྫོང་གཅའ་ཡུལ་ཚོ་ནག་ཚང་མའི་སྡེ་བ་ནས་ཡིན་ཞིང་། མ་མིང་ལ་སྐལ་ཁོ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎