ཤིན་ཅང་དུ་བསྐྱར་དུ་ཟིང་ཆ་ལངས་རྒྱུར་འགོག་ཐབས།

རྒྱ་ནག་གཞུང་གིས་ཤིན་ཅང་ནང་བསྐྱར་དུ་དྲག་པོའི་ཟིང་ཆའི་དོན་རྐྱེན་ཡོང་རྒྱུ་འགོག་ཐབས་སུ་སྲུང་སྐྱོབ་ལས་དོན་དམ་བསྒྲགས་ཆེ་རུ་བཏང་བ།

2010.06.18

༄༅༎ཤིན་ཅང་གི་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པར་དྲག་གནོན་བྱས་ཏེ་ལོ་འཁོར་ཟིན་པའི་སྐབས་རྒྱ་ནག་གཞུང་གིས་བསྐྱར་དུ་དྲག་པོའི་ཟིང་ཆའི་དོན་རྐྱེན་ཡོང་རྒྱུ་འགོག་ཐབས་སུ་ཤིན་ཅང་གི་རྒྱལ་སའི་ནང་དུ་སྲུང་སྐྱོབ་ལས་དོན་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་ཡང་ན་ནིང་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཡུ་གུར་མི་རིགས་ཚོགས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བའི་ལོ་འཁོར་ཟིན་གྲབས་ཡོད་པ་བརྟེན་ནས་དེ་རིང་རྒྱལ་ས་ཨུ་རུམ་ཆི་ནང་གི་རྒྱ་ནག་གཞུང་གི་དཔོན་རིགས་ནས་རྒྱལ་སའི་ནང་གི་མི་དམངས་འདུ་འཛོམས་བྱེད་ཡུལ་དང་གནད་ཡོད་ས་གནས་ཁག་ཏུ་ཉེན་རྟོག་པ་འཕར་མ་འགྲེམས་འཇོག་བྱ་རྒྱུ་དང་ ཉེན་རྟོག་པས་འགྲིམས་འགྲུལ་བྱེད་མཁན་གྱི་མི་ཚང་མར་ཞིབ་བཤེར་ནན་པོ་བྱས་ཏེ་ཉེན་ཚབས་ཆེ་བའི་གཏོར་རྒོལ་གྱི་འབར་རྫས་རིགས་ཡོད་མེད་རྟོག་ཞིབ་བྱ་རྒྱུ། གལ་ཏེ་ཁྲིམས་འགལ་བྱེད་མཁན་ལ་ཚབས་ཆེའི་ཉེས་ཆད་གཏོང་རྒྱུ་ཡིན་ཞེས་ཤིན་ཅང་ས་གནས་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད། སྤྱིར་བཏང་ནས་ན་ནིང་ཕྱི་ཟླ་བདུན་པའི་ནང་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཡུ་གུར་མི་རིགས་ཀྱིས་ངོ་རྒོལ་གྱི་ཟིང་ཆའི་དོན་རྐྱེན་དེ་ཐོན་པ་ནས་བཟུང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་སྲུང་སྐྱོབ་ཀྱི་ལས་དོན་དམ་བསྒྲགས་ཆེ་རུ་བཏང་ཟིན་ཡོད་པ་མ་ཟད་ ས་གནས་ཀྱི་དཔོན་རིགས་ནས་ཤིན་ཅང་ནང་དུ་ཁ་བྲལ་རིང་ལུགས་པའི་ཉེན་ཁ་ཡོད་པའི་སྐོར་མུ་མཐུད་ནས་ཉེན་བརྡ་གཏོང་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎